| | e-texts navigator
|
402b1 བ་ཡིན་ནོ།།འཐུ་པ་དང་།ཐབ་མོ་དང་།འཆང་འདྲུ་བ་དང་།རྩོད་པ་དང་།འགྱེད་པ་དང་།སྒྱུ་དང་།གཡོའི་མུན་པས་བསྡུས་པའི་དྲི་མ་ཐམས་ཅད་འཁྲུས་པ་ཡིན་ནོ།།ལོ་ཏོག་ཐམས
402b2 ཅད་ཀྱིས་གཞི་ལྟ་བུར་ཡོན་ཏན་ཐམས་ཅད་ཀྱི་གཞི་ཡིན་ནོ།།རིན་པོ་ཆེ་ཐམས་ཅད་ཀྱི་འབྱུང་གནས་ཡིན་ནོ།།བདེ་བ་ཐམས་ཅད་ཀྱི་ཡིད་བཞིན་གྱི་ནོར་བུ་ཡིན་ནོ།།ཡོན་ཏན་ཐམས
402b3 ཅད་ཀྱི་གློ་འཕང་གི་གནས་ཡིན་ནོ།།སེམས་ཅན་ཐམས་ཅད་དབུགས་འབྱིན་པ་ཡིན་ནོ།།འབྱུང་པོ་ཐམས་ཅད་ཀྱི་ཡིད་བརྟན་པ་ཡིན་ནོ།།སྲོག་ཆགས་ཐམས་ཅད་ལ་མི་འཇིགས
402b4 བསྦྱིན་ནོ།།སེམས་ཅན་དབུལ་པོ་ཐམས་ཅད་ཀྱི་བུམ་པ་ཡིན་ནོ།།སྐྱབས་མེད་པ་རྣམས་ཀྱི་དཔུང་གཉེན་ཡིན་ནོ།།ཀུན་ཏུ་ཚོལ་བས་ཕོངས་པ་དང་སྡུག་བསྔལ་གྱིས་ཉམས་ཐུག་པ་རྣམས
402b5 ཀྱི་བསྟིས་ཡིན་ནོ།།སངས་རྒྱས་ཐམས་ཅད་ཀྱི་མ་འདྲེས་པ་ཡིན་ནོ།།སེམས་ཅན་ཐམས་ཅད་ཀྱི་མཆོད་པར་བྱ་བ་ཡིན་ནོ།།མཁས་པ་རྣམས་ཀྱིས་བསྔགས་པ་ཡིན་ནོ།།ཐར་པ
402b6 འགྲོ་བ་རྣམས་ཀྱི་ལམ་ཡིན་ནོ།།སེམས་ཅན་དྲུག་པ་རྣམས་ཀྱི་བསྟན་པར་བྱ་བ་ཡིན་ནོ།།སྣོད་དུ་གྱུར་པ་རྣམས་ཀྱིས་བསྟེན་པར་བྱ་བ་ཡིན་ནོ།།ངན་སོང་གི་སྒོ་གཅོད་པ་ཡིན་ནོ།།
402b7 མཐོ་རིས་དང་ཐར་པའི་སྒོ་འབྱེད་པ་ཡིན་ནོ།།ལྕིའི་འགྲོ་བ་རྣམས་ཀུན་ཏུ་འགོངས་པ་ཡིན་ནི།།སྡུག་བསྔལ་ཐམས་ཅད་ཀུན་ཏུ་གཅོད་པ་ཡིན་ནོ།།སྲེད་པའི་འཆིང་བས་བཅིངས
iiif viewer powered by OpenSeadragon
402a - 403a