e-texts navigator
Collection
Volume
Page
Wylie

402a1 དེ་ནས་བཅོམ་ལྡན་འདས་སྔ་དྲོ་ཆོས་པོས་དང་ཤམ་ཐབས་བན་བས་ཏེ།ལྷུང་བཟེད་བསྣམས་ནས་ཕྱི་བཞིན་འབྲང་བའི་དགེ་སྦྱོང་ཚེ་དང་ལྡན་པ་ཀུན་དགའ
402a2 བོ་དང་།སེར་སྐྱའི་གནས་སུ་བསོད་སྙོམས་ལ་གཤེགས་སོ།།དེ་ནས་བཅོམ་ལྡན་འདས་རིགས་ཀྱི་བུ་དགའ་བོའི་ཁྱིམ་གལ་བ་དེར་གཤེགས་པ་དང་།རིགས་ཀྱི་བུ་དགའ་བོས
402a3 བཅོམ་ལྡན་འདས་རྒྱང་རིང་པོ་ནས་གཤེགས་པ་མཐོང་ངོ་།།མཐོང་ནས་ཀྱང་རིངས་པ་རིངས་པར་བཅོམ་ལྡན་འདས་ཀྱི་ཆེད་དུ་གང་ན་བཤམས་ནས་འདི་སྐད་ཅེས་གསོལ་ཏོ།།
402a4 བཅོམ་ལྡན་འདས་ཚུར་གཤེགས།བཅོམ་ལྡན་འདས་གཤེགས་པ་ལེགས་སོ།།བཅོམ་ལྡན་འདས་གདན་བཤམས་པ་ལ་བཞུགས་སུ་གསོལ།།བཅོམ་ལྡན་འདས
402a5 བཞུགས་སོ།།དེ་ནས་རིགས་ཀྱི་བུ་དགའ་བོ་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་ཕྱག་བཙལ་ཏེ།།བཅོམ་ལྡན་འདས་ཀྱིས་སྤྱན་སྔར་འདུག་གོ།དེ་ནས་བཅོམ་ལྡན་འདས་ཀྱིས
402a6 བགའ་རིགས་ཀྱི་བུ་དགའ་བོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།།དགའ་བོ་ཅིའི་ཕྱིར་རབ་ཏུ་མི་འགྱུར།དགའ་བོས་གསོལ་པ།བཅོམ་ལྡན་འདས་རབ་ཏུ་འབྱུང་བ་ཞེས་བྱ་བའི
402a7 ཚིག་གི་དོན་ཅི་ལགས།བཅོམ་ལྡན་འདས་ཀྱི་བཀའ་སྩལ་པ།སྡིག་པ་ཐམས་ཅད་ཡོངས་སུ་སྤོང་བ་ཡིན་ནོ།།འདོད་ཆགས་དང་།ཞེ་སྡང་དང་།གཏི་མུག་རབ་ཏུ་སེལ་བ




iiif viewer powered by OpenSeadragon

401b - 402b

Texts on this page

N313 - dga' bo rab tu byung ba'i mdo