e-texts navigator
Collection
Volume
Page
Wylie

315b1 བསྐུར་བ།།ཛ་མྦུའི་ཆུ་ཀླུང་གསེར་གྱི་ཕུང་པོ་འབུམ།།དེ་ན་དེ་དང་མཚུངས་པ་ཡོད་མ་ཡིན།།མཁས་པ་གང་གིས་སངས་རྒྱས་མཆོད་རྟེན་ལ།།དགུབ་དེའི་སེམས་ཀྱིས།།
315b2 མར་མེ་འབུལ་བྱེད་པ།།ཛམྦུའི་ཆུ་ཀླུང་གསེར་སྲང་བྱེ་བ་འབུམ།།དེ་ནི་དེ་དང་མཚུངས་པ་ཡོད་མ་ཡིན།།མཁས་པ་གང་གིས་སངས་རྒྱས་མཆོད་རྟེན་ལ།།དཀའ
315b3 བའི་སེམས་ཀྱིས་རྒྱལ་མཚན་འཕན་གདུགས་ཐོགས།།གསེར་གྱི་རི་བོ་ལྷུན་པོ་ཚད་འབུམ་ཡང་།།དེ་ནི་དེ་དང་མཚུངས་པ་ཡོད་མ་ཡིན།།འདི་ནི་དཔག་མེད་དེ་བཞིན
315b4 གཤེགས།།རྒྱ་མཚོ་འདྲ་བའི་རྫོགས་སངས་རྒྱས།།དེད་དཔོན་བླ་ན་མེད་པ་ལ།།ཕུལ་བའི་ཕན་ཡོན་བསྟན་པ་ཡིན།།བཞུགས་པའི་ཚེ་ན་གང་གིས་མཆོད།།རྒྱ
315b5 ངན་འདས་འོག་གང་གིས་མཆོད།།སེམས་དགེ་བ་ནི་མཚུངས་འགྱུར་ན།།བསོད་ནམས་ལ་ནི་ཁྱད་པར་མེད།།དེ་ལྟར་སངས་རྒྱས་བསམ་མི་ཁྱབ།།སངས་རྒྱས་ཆོས་ཀྱང་བསམ་མི།
315b6 ཁྱག།བསམ་མི་ཁྱབ་ལ་དང་རྣམས་ཀྱིས།།རྣམ་པར་སྨིན་པ་ལང་བསམ་མི་ཁྱབ།།མཆོད་རྟེན་བསྐོར་བའི་ཚིགས་སུ་བཅད་པ་རྫོགསོ།།།།
315b7 རྒྱ་གར་སྐད་དུ།པྲ་ས་ནི་ཛེ་ཏ་གཱ་ཐཱ།བོད་སྐད་དུ།གསལ་རྒྱལ་གྱི་ཚིགས་སུ་བཅད་པ།དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ།།རྒྱལ་པོ་གསལ




iiif viewer powered by OpenSeadragon

315a - 316a

Texts on this page

N306 - mchod rten bskor ba'i tshigs su bcad pa
N307 - gsal rgyal gyi tshigs su bcad pa