| | e-texts navigator
|
313a1 །།རྨོངས་པ་མེད་པར་མདུལ་དུ་འཇུག།མཆོད་རྟེན་བསྐོར་བ་བྱས་པས་ན།།མངལ་གྱི་སྐྱོན་གྱི་དྲི་མ་ཡིས།།དེ་ལ་གོས་པར་མི་འགྱུར་རོ།།
313a2 དེ་ནི་ནར་བུ་དག་པ་བཞིན།།མཆོད་རྟེན་བསྐོར་བ་བྱས་པས་ནི།མ་ལྕིར་བྱེད་པར་གནས་པར་འགྱུར།དེ་ནི་བདེ་བྲོ་བཙའ་བ་དང་།།བདེ་བར་མུནའོ་ཐུང་བར་འགྱུར།།མཆོད་རྟེན་བསྐོར་བ་བྱས་པས
313a3 །པས་ཀྱང་གཡོག་འཁོར་མང་པོ་ཡིས།།དེ་ལ་གོས་ཞིང་གནས་པར་འགྱུར།།མ་མས་རྟག་ཏུ་རིམ་གྲོ་བྱེད།།མཆེད་རྟེན་བསྐོར་བ་བྱས་པས་ནི།།ཉེ་དུ
313a4 རྣམས་ཀྱི་སྙིང་དུ་སྡུག།དེ་བཞིན་དུ་མ་ལྷག་པར་བྱམས།།སྐྱེས་ནས་ལྗོངས་སྤྱོད་འཕེལ་བར་འགྱུར།།མཆོད་རྟེན་བསྐོར་བ་བྱས་པས་ནི།།ཤ་ཊ་ད་ནི
313a5 སྲིན་རྣམས་ཀྱིས།།དེ་ལ་གནོད་པར་མི་འགྱུར་ཏེ།།ལོངས་སྤྱོད་དག་ལ་སྐྱོན་མེད་སྤྱོད།།མཆོད་རྟེན་བསྐོར་བ་བྱས་པས་ནི།།བསྐལ་པ་བརྒྱད་ཡང་དེ་དག
313a6 རྣམས།།ཞར་བ་གྲུམ་པོར་ཡོད་མི་འགྱུར།།ལུས་ཀྱང་རྣམ་པར་དགེ་པར་འགྱུར།།མཆོད་རྟེན་བསྐོར་བ་བྱས་པས་ནི།།མིག་ཀྱང་རྣམ་པར་དག་པར
313a7 འགྱུར།།དཀྱུས་རིང་མཐོན་མཐིང་སྡུག་པ་དང་།།ལྷ་ཡི་མིག་ཀྱང་དེ་ཡིས་འཐོབ།།མཆོད་རྟེན་བསྐར་བ་བྱས་པས་ནི།།ལུས་བདེ་སེམས་ཀྱང་བརྟན་པ
iiif viewer powered by OpenSeadragon
312b - 313b