| | e-texts navigator
|
312b1 འགྱུར།།མཆོད་རྟེན་བསྐོར་བ་བྱས་པས་ནི།།འདུ་བྱེད་སྟོང་པར་མཐོང་ནས་ཀྱང་།།དེ་ནི་ཆོས་ལ་རྨོངས་མི་འགྱུར།།མྱུར་དུ་དགའ་བ་ཐོབ་པར་འགྱུར།།མཆོད་རྟེན
312b2 བསྐོར་བ་བྱས་པས་ནི།།རྒྱལ་རིག་པ་མཆོག་ཏུ་སྐྱེ་བར་འགྱུར།།བུ་སླད་འཁོར་དང་ལྡན་པ་དང་།།སྟོབས་དང་བརྩོན་འགྲུས་ལྡན་པར་འགྱུར།།མཆོད་རྟེན་བསྐོར་བ
312b3 བྱས་པས་ནི།།བྲམ་ཟེ་ཚོ་ཞིང་མཐོ་བར་སྐྱེ།།ཚུལ་ཁྲིམས་ལྡན་ཞིང་ཐོས་དང་ལྡན།རིག་བྱེད་གསང་སྔགས་ལྡན་པར་འགྱུར།།མཆོད་རྟེན་བསྐོར་བ་བྱས་པས་ནི།།།
312b4 ཁྱིམ་བདག་ཆེ་ཞིང་མཐོ་བར་སྐྱེ།།ཕྱུག་ཙོང་ནར་ཡང་མང་བ་དང་།ནོར་དང་འབྲུ་རྣམས་ལྡན་པ་འགྱུར།།མཆོད་རྟེན་བསྐོར་བ་བྱས་པས་ནི།།ཛམྦུའི་གླིང་གི
312b5 མངའ་བདག་རྗེ།།ས་སྟེང་མཐའ་དག་དབང་བྱེད་པའི།།ཆོས་དང་ལྡན་པའི་རྒྱལ་པོར་འགྱུར།།མཆོད་རྟེན་བསྐོར་བ་བྱས་པས་ནི།།རིན་ཆེན་བདུན་དང་ལྡན་པ་ཡི།།
312b6 འཁོར་ལོས་སྒྱུར་བའི་རྒྱལ་པོར་འགྱུར།།ཆོས་བཞིན་འཁོར་ལོ་སྐོར་བར་བྱེད།།མཆོད་རྟེན་བསྐོར་བ་བྱས་པས་ནི།།འདི་ནས་འཕོས་ནས་མཐོ་རིས་འགྲོ།།སངས་རྒྱས
312b7 བསྟན་ལ་དགའ་བ་དང་།།རྣལ་འབྱོར་ལྡན་ཞིང་རྫུ་འཕྲུལ་ཆེ།།མཆོད་རྟེན་བསྐོར་པོ་བྱས་པས་ནོ།།ལྷ་ཡུལ་དག་ནས་འཕོས་ནས་ཀྱང་།།དེ་ནི་མི་ཡི་ནང་དུ་སྐྱེ།།
iiif viewer powered by OpenSeadragon
312a - 313a