| | e-texts navigator
|
300a1 བརྩོན་པ་དང་འགྲོགས་པ་དང་ཡོངས་སུ་འདྲི་བ་དང་མཐུན་པའི་ལུང་དང་ལུག་ལྟར་ལྐུག་པ་མ་ཡིན་པ་ཉིད་དང་སྲིད་པ་ཅན་མ་ཡིན་པ་ཉིད་དང
300a2 བྱ་བ་མི་མང་བ་ཉིད་དང་ལས་ཀྱི་མཐའ་ལེགས་པར་བྱས་པ་ཉིད་དང་བརྩོན་པ་མ་བཏང་བ་ཉིད་དང་བར་དུ་གཅོད་པ་རྣམས་ཐོས་ན་ཉམ་མི་ང་བ་དུང་མ་ཁེངས་པ་དང་མཐུན་པར་འཛིན
300a3 པ་ཉིད་དང་།དྲན་པ་ཉེ་བར་བཞག་པ་ཉིད་དང་བག་ཡོད་པ་དང་ཡུལ་དུ་གནས་པ་དང་དབང་པོ་རྣམས་ཀྱི་སྒོ་བསྲུངས་པ་ཉིད་དང་ཟས་ཀྱི་ཚོད་རིག་པ་ཉིད་དང་།ནམགྱེཆ་སྟོང་དང་ནི་གྱི་ཆ
300a4 སྨད་ལ་མི་ཉལ་བར་སྦྱོར་བའི་རྗེས་སུ་བརྩོན་པ་ཉིད་དང་དབེན་པ་ལ་མངོན་པར་དགའ་དང་ཇི་ལྟ་བ་བཞིན་ལ་སོ་སོར་རྟོག་པའོ།།ཚེ་དང་ལྡན་པ་དག་གནས་ཉི་ཤུ་རྩ་གཉིས
300a5 པོ་འདི་དག་ནི་རབ་ཏུ་བྱུང་བས་ཡང་དང་ཡང་དུ་སོ་སོར་བརྟག་པར་བྱ་བ་སྟེ།བདག་ནི་ཁྱིམ་པའི་རྟགས་སྤངས་པ་སྟེ་མི་སྡུག་པའོ་ཞེས་གནས་འདི་རབ་ཏུ་བྱུང་བས་ཡང
300a6 དང་ཡང་དུ་སོ་སོར་བརྟག་པར་བྱའོ།།བདག་ནི་མི་འདྲ་བ་ཁས་བླངས་པ་སྟེ།བདག་གི་ཚེ་བྱུད་དང་བྱ་བ་གཞན་ཡིན་ན།།བདག་གི་འཚོ་བ་ནི་གཞན་ལ་རག་ལས་སྟེ།།
300a7 ཇི་སྲིད་འཚོའི་བར་དུ་བདག་གི་འདི་ལྟ་སྟེ།ཆོས་གོས་དང་བསོད་སྙོམས་དང་མལ་སྟན་དང་ན་བོའི་གསོས་སྨན་དང་ཡོ་བྱད་ཕ་རོལ་ལས་བཙལ་དགོས་པའོ།།བདག་ནི
iiif viewer powered by OpenSeadragon
299b - 300b