e-texts navigator
Collection
Volume
Page
Wylie

298b1 ཀྱི་བྱང་དུ་གཅོད་པ་ནི་ཀུན་ཏུ་འདོད་ཆགས་པའོ།།འགོག་པའི་འདུ་ཤེས་ཀྱི་བར་དུ་གཅོད་པ་ནི་ཆོས་ལ་མཚན་མའི་རྗེས་སུ་འབྲང་བའོ།།འཆི་བའི་འདུ་ཤེས་ཀྱི་བར་དུ་གཅོད་པ
298b2 གསོན་པ་ལ་འཆུམས་པའོ།།ཚེ་དང་ལྡན་པ་དག་ཆོས་གསུམ་པོ་གཅེས་སྨྲས་བྱེད་པ་དང་།འདུན་པ་སྤོང་བ་དང་།དེ་ལ་མང་དུ་གནས་པ་ནི་བར་དུ་གཅོད་པ་མ་བཅོམ་པ་དེ
298b3 དག་ཡང་དག་པར་འཇོམས་པའོ།།ཚེ་དང་ལྡན་པ་དག་ཆོས་བཅུ་བཞི་ནི་མི་སྡུག་པའི་འདུ་ཤེས་ལ་གཅེས་སྨྲས་བྱེད་པ་སྟེ།འདི་ལྟ་སྟེ།བུད་མེད་དང་ལྷན་ཅིག་མི
298b4 གནས་པ་དང་དྲན་པ་ཉེ་བར་གནས་པས་བུད་མེད་ལེ་ལྟ་བ་དང་བྲག་ཡོད་པ་དང་འདོད་ཆགས་ཤས་ཆུང་བ་དང་སྡུག་པའི་མཚན་མའི་རྗེས་སུ་མི་བརྩོན་པ་དང་མི་སྡུག་པ་ལ་སོ་སོར་རྟོག
298b5 པ་དང་།ལས་ཀྱི་མཐའ་ལ་ཞུགས་པའི་གང་ཟག་དང་ལྷན་ཅིག་མི་སྦྱོར་བ་དང་དེ་དག་དང་མཐུན་པར་མི་བྱེད་པ་དང་གུས་པར་ཉན་པ་དང་ཡོངས་སུ་འདྲི་བ་དང་དབང་པོའི་སྒོ་རྣམས་བསྡུ་ནས
298b6 པ་ཉིད་དང་ཟས་ཀྱི་ཚོད་རིགས་པ་ཉིད་དང་དབེན་པ་ལ་མངོན་པར་དགའ་བ་དང་ཇི་ལྟ་བ་བཞིན་ལ་སོ་སོར་རྟོག་པའོ།།ཚེ་དང་ལྡན་པ་དག་མི་སྡུག་པའི་འདུ་ཤེས་ཀུན་ཏུ་བསྟེན་བསྒོམས
298b7 ལེན་མང་དུ་བྱས་ན་འདོད་པའི་འདོད་ཆགས་སྤོང་བར་འགྱུར་རོ།།མི་རྟག་པའི་འདུ་ཤེས་ཀུན་ཏུ་བསྟེན་བསྒོམས་ལན་མང་དུ་བྱས་ན་འདུ་བྱེད་སྤོང་བར་འགྱུར་རོ།།མི་རྟག་པ་ལ




iiif viewer powered by OpenSeadragon

298a - 299a

Texts on this page

N303 - 'phags pa don rgyas pa zhes bya ba'i chos kyi rnam grangs