| | e-texts navigator
|
297b1 དེ་བཞིན་དུ་ཀུན་ཏུ་སྐྱོ་བ་ལ་འང་ཚུལ་བཞིན་དུ་ཡིད་ལ་བྱེད་པ་དང་།མི་དགེ་བའི་ཆོས་ཐམས་ཅད་སྤོང་བས་དགེ་བའི་ཆོས་རྣམས་ལ་ཚུལ་བཞིན་དུ་རབ་ཏུ་འཇོག་པ་དང་དེ་རྣམ་པར
297b2 བྱ་བ་དང་ཏིང་ངེ་འཛིན་ལ་དབང་ཐོབ་ཅིང་ཚུལ་བཞིན་དུ་འདྲ་ཡིད་ལ་བྱེད་པའོ།།ཚེ་དང་ལྡན་པ་དག་འཕགས་པ་ཉན་ཐོས་དེ་ལྟར་ཡང་དག་པར་ཚུལ་བཞིན་ཡིད་ལ་བྱས་པའི་བདག
297b3 ཉིད་ཀྱིས་འདུ་ཤེས་བཅུ་པོ་འདི་ལྟ་སྟེ།མི་སྡུག་པའི་འདུ་ཤོས་དང་མི་རྟག་པའི་འདུ་ཤེས་དང་མི་རྟག་པ་ལ་སྡུག་བསྔལ་བའི་འདུ་ཤེས་དང་སྡུག་བསྔལ་ལ་བདག་མེད་པའི་འདུ
297b4 ཤས་དང་ཟས་ལ་མི་འཕྲོད་པའི་འདུ་ཤེས་དང་འཇིག་རྟེན་ཐམས་ཅད་ལ་མངོན་པར་མི་དགའ་བའི་འདུ་ཤེས་དང་།སྣང་བའི་འདུ་ཤེས་དང་འདོད་ཆགས་དང་བྲལ་བའི་འདུ་ཤེས་དང་འགོག
297b5 པའི་འདུ་ཤེས་དང་འཆི་བའི་འདུ་ཤེས་བསྒོམ་པར་བྱའོ།།ཚེ་དང་ལྡན་པ་དག་མི་སྡུག་པའི་འདུ་ཤེས་ཀྱི་བར་དུ་གཅོད་པའི་ཚེས་ནི་བཅུ་བཞི་སྟེ།འདི་ལྟ་སྟེ།བུད་མེད་དང་ལྷ་ཅིག་གནས
297b6 བ་དང་དྲན་པ་གཡེངས་པས་བུད་མེད་ལ་ལྟ་བ་དང་བག་མེད་པ་དང་འདོད་ཆགས་ཤས་ཆེ་བ་ཉིད་དང་སྡུག་པའི་མཚན་མའི་རྗེས་སུ་བརྩོན་པ་དང་མི་གཙང་བ་ལ་སོ་སོར་མི་རྟོག་པ་དང་ལས་ཀྱི
297b7 མཐའ་ལེ་ཞུགས་པའི་གང་ཟག་དང་ལྷན་ཅིག་སྦྱོར་བ་དང་དེ་དག་དང་མཐུན་པར་བྱེད་པ་དང་གུས་པར་མི་ཉན་པ་དང་ཡོངས་སུ་མི་འདྲི་བ་དང་དབང་པོ་རྣམས་ཀྱི་སྒོ་མ་བསྲུངས་པ་དང་ཟས་ཀྱི
iiif viewer powered by OpenSeadragon
297a - 298a