e-texts navigator
Collection
Volume
Page
Wylie

297a1 རྣམ་པར་གྲོལ་བར་འགྱུར་རོ།།མྱ་ངན་ལས་འདས་པ་གཙོར་བྱ་བ་ལ་ཕུང་པོ་མི་རྟག་པ་ཉིད་དང་ཕུང་བསོག་ཉིད་དང་ཕུང་པོ་གས
297a2 ཉིད་དང་ཕུང་པོ་སྙིང་པོ་མེད་པ་ཉིད་དང་།ཕུང་པོ་འཇུག་པ་ཉིད་ལ་སེམས་རབ་ཏུ་འཇུག་ཅིང་དད་པ་དང་ཡང་དག་པར་གནས་པ་རྣམ་པར་གྲོལ་བར་འགྱུར་རོ།།མྱ་ངན་ལས
297a3 འདས་པ་གཙོར་བྱེ་བ་ལ་འཕགས་པའི་བདེན་པ་བཞི་ཤེས་པར་བྱ་བ་ལ་མིག་རྣམ་པར་དག་པར་འགྱུར་རོ།།མྱ་ངན་ལས་འདས་པ་གཙོར་བྱ་བ་ལ་རྣམ་པར་གྲོལ་བ་ཡོངས
297a4 སུ་རྫོགས་པར་འགྱུར་རོ།།ཚེ་དང་ལྡན་པ་དག་འཕགས་པ་ཉན་ཐོས་དེ་ལྟར་ཆོས་ཡང་དག་པར་རྒྱུན་ན་སྒྲོགས་པ་ལའང་མཐོ་མི་འཚམ།ཆོས་ཀྱི་གཏམ་གྱི་རོལ
297a5 མྱོང་བར་འགྱུར།སྟོན་པ་ལའང་ཆོས་ཉིད་ཀྱིས་རིམ་བློ་བྱེད།བདག་གི་དོན་ཡང་རྗེས་སུ་འཐོབ།མྱ་དྲན་ལྔས་འདས་པའང་འཐོབ་པར་འགྱུར་རོ།།ཆོས་འདི་དག
297a6 ནི་དེའི་ཤེས་རབ་ཡོངས་སུ་སྨིན་པར་འགྱུར་བ་སྟེ།འདི་ལྟ་སྟེ།དགེ་བའི་བཤེས་གཉེན་ལ་སྟེན་པ་དང་དགེ་བའི་ངང་ཚུལ་ཅན་ཉིད་དང་སེམས་ཤེས་རབ་ཅན་ཉིད
297a7 དང་དཀརའ་བློ་བདེ་བ་ཉིད་དང་གུས་པར་ཉན་པ་དང་ཡོངས་སུ་འདྲི་བ་དང་དམ་པའི་ཆོས་ཉན་པ་དང་དམ་པའི་ཆོས་རྟུག་ཏུ་བྱེད་པ་དང་སྐྱེ་བར་བྱ་བའི་ཆོས་རྣམས་ལ་སྐྱོ་བ་དང་།




iiif viewer powered by OpenSeadragon

296b - 297b

Texts on this page

N303 - 'phags pa don rgyas pa zhes bya ba'i chos kyi rnam grangs