| | e-texts navigator
|
296b1 པར་བྱ་བ་དང་།ཆོས་སྨྲ་བའི་གང་ཟག་ལ་གུས་པར་བྱ་བ་དང་།ཆོས་ལ་མི་བརྙས་པ་དང་།ཆོས་སྨྲ་བའི་གང་ཟག་ལ་མི་བརྙས་པ་དང་།བདག་ལ་མི་བརྙས་པ་དང་།རྩེ་གཅིག་པའི
296b2 སེམས་དང་།ཀུན་ཤེས་པར་བྱ་བའི་སེམས་དང་།རྣ་བ་བླགས་ཏེ་མཉན་པ་དང་།སེམས་བསྡུས་ཏེ་སེམས་ཐམས་ཅད་ཀྱིས་བསམས་ཏེ་ཆོས་མཉན་པར་བྱའོ།།དེ་དེ་ལྟར་ཆོས
296b3 ཡང་དག་པར་ཉན་པ་ན་མྱ་ངན་ལས་འདས་པ་གཙེར་བྱ་བ་ལ་དད་ཅིང་སེམས་དད་པ་སྐྱེ་བར་འགྱུར་རོ།།མྱ་ངན་ལས་འདས་པ་གཙོར་བྱ་བ་སེམས་མཆོག་ཏུ་དགའ་བ་དང་།ཡི་རངས
296b4 པ་སྐྱེ་བར་འགྱུར་རོ།།མྱ་ངན་ལས་འདས་པོ་གཙོར་བྱ་བ་ལ་ཟང་ཟིང་མེད་པར་དགའ་བར་སྐྱེ་བར་འགྱུར་རོ།།མྱ་ངན་ལས་འདས་པ་གཙོར་བྱ་བ་ལ་ཉེ་བཱི་ཉོན་མོངས་པ་རྣམས
296b5 སྤོང་ཞིང་སེམས་མཉམ་པར་འཇོག་པ་དང་།སོམ་ཉི་རྣམས་སེལ་བ་དང་ལྟ་བ་དྲང་པོར་བྱེད་པར་འགྱུར་རོ།།མྱ་ངན་ལས་འདས་པ་གཙེར་བྱ་བ་ལ་སེམས་རྣལ་འབྱོར་དུ་འགྱུར་བ
296b6 དྲང་རྟུན་པ་དང་རྗེ་སུ་བརྩོན་པ་དང་སྤོང་བ་དང་ནང་དུ་ཡང་དག་འཇོག་དང་དོན་གྱི་མཆོག་པར་འགྱུར་རོ།།མྱ་ངན་ལས་འདས་པ་གཙོར་བྱ་བ་ལ་འདུ་བྱེད་ཐམས་ཅད་ཞི་བ་དང་།སྟོང་པ
296b7 ཉིད་དུ་དམིགས་པ་དང་སྲེད་པ་ཟད་པ་དང་འདོད་ཆགས་དང་བྲལ་བ་དང་འགོག་པ་དང་མྱ་ངན་ལས་འདས་པ་ལ་སེམས་རབ་ཏུ་འཇུག་ཅིང་དད་པ་དང་།ཡང་དག་པར་གནས་པ་དང
iiif viewer powered by OpenSeadragon
296a - 297a