| | e-texts navigator
|
247a1 དང་།འདུས་བྱས་ཐམས་ཅད་ལ་མི་རྟག་བཱི་འདུ་ཤེས་དང་།ཆོས་ཐམས་ཅད་ལ་བདག་མེད་པའི་འདུ་ཤེས་དང་།མྱ་ངན་ལས་འདས་པ་ནི་ཞི་བའོ།
247a2 སྙམ་པའི་འདུ་ཤེས་མངོན་དུ་བྱའོ།།བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའིའ་སྩོལ་ནས།དགེ་སློང་དེ་དག་ཡི་རངས་ཏེ་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད།།།
247a3 འདུ་ཤེས་བཅུ་གཅིག་བསྟེན་པ་བཅོམ་ལྡན་འདས་ཀྱིས་ཞལ་ཆེམས།རྫོགས་སོ།།།།རྒྱ་གར་སྐད་དུ།ཨཱརྱ་བཻ་ཤཱ་ལཱི་པྲ་བེ་ཤཾ་མ
247a4 ཧཱ་སཱུ་ཏྲ།བོད་སྐད་དུ།འཕགས་པ་ཡངས་པའི་གྲོང་ཁྱེར་དུ་འཇུག་པའི་མདོ་ཆེན་པོ།སངས་རྒྱས་དང་།བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།།
247a5 འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན།བཅོམ་ལྡན་འདས་འདམ་བུའི་ཁྲོད་ན་གཟིངས་པའི་འདུག་གནས་ན་བཞུགས་ཏེ།དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང
247a6 ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ།ཀུན་དགའ་བོ་ཡེངས་པའི་གྲོང་ཁྱེར་གེ་ལ་བ་དེར་འདོང་ངོ་།།བཙུན་པ་དེ་ལྟར་བགྱིའོ་ཞེས་གསོལ་ནས།ཚེ་དང་ལྡན་པ་ཀུན་དགའ་བོས་བཅྡོཾས
247a7 ཀྱིལྕེར་ཉན་ཏོ།།དེ་ནས་བཅྡོཾས་ཡུལ་བྲི་ཛིར་རྒྱུ་ཞིང་གཤེགས་ཏེ།ཡངས་པའི་གྲོང་ཁྱེར་དུ་བྱོན་ནས།ཡངས་པའི་གྲོང་ཁྱེར་གྱི་ཨ་མྲ་སྲུང་བའི་ཚལ་ན་བཞུགས་སོ།།དེ་ནས
iiif viewer powered by OpenSeadragon
246b - 247b