e-texts navigator
Collection
Volume
Page
Wylie

233b1 ཕ་རོལ་ཏུ་འང་དེ་བཞིན་དུ་ཞོན་པ་དང་།གྱོན་པ་དང་།ཟ་ཞིང་འཐུང་ངོ་ཞེས་འཇིག་རྟེན་པ་དག་མཆིན་དེ་དེ་ལྟར་ལགས་སམ་ཞེས་གསུངས་པ་ནི་ཀྱེ་རྒྱལ་པོ་ཆེན་པོ་མི་རྣམས་ཚེ་འཕོས་དེའི།།
233b2 ཚེ་ལས་དགེ་སྡིག་གང་སྤྱད་པ་བཞིན་མཐོ་རིས་དང་ངན་སོང་དག་ཏུ་སྐྱེ་བ་ལེན་ཏེ།རྒྱལ་པོ་ཆེན་པོ་འཇིག་རྟེན་པ་དག་མཆི་བ་ལྟར་མ་ལགས་སྷོ།།ཚེ་འཕོས་པ་འདིའི་ཆ་ལུགས་ལྟར
233b3 སྣང་བ་ནི་བར་སྟེང་གི་ཁམས་འདྲི་ན་དྲི་ཟའི་འཇིག་རྟེན་གྱིས་ཁམས་དཔག་ཏུ་མེད་པ་བསམ་གྱིས་མི་ཁྱབ་པ་མཐར་ཐུག་པ་མེད་པ་དེ།དྲི་ཟའི་ཆེ་གེ་མོའི་སེམས་ལ་ཉེ་བར་འཇུག་པ་ཞེས
233b4 བྱ་བའི་རིགས་ཡོད་དེ།དེས་དྲི་ཟའི་ཟས་བཙལ་བའི་ཕྱིར་ཚེ་འཕོས་པའི་ལུས་དང་།གོས་དང་།རྒྱན་དྲང་ཆུ་ལུགས་ལྟ་བུ་དག་སྤྲུལ་བར་བྱེད་དེ།ཚེ་འཕྲོས་པ་དེའི་ཆ་ལུགས
233b5 དང་གཏམ་དག་བྱེད་ཅིང་སྤྲུལ་པ་སྟོན་པའང་ཡོད་དོ།།ཀྱེ་རྒྱལ་པོ་ཆེན་པོ་འདི་ལ་གཞན་ཡང་ཡོད་དེ།དྲི་ཟ་ལས་མ་གཏོགས་པ་ག་ཞན་ཡང་གནོད་སྦྱིན་དང་།ཤྭ་ཟ་དང་།
233b6 འབྱུང་པོ་ལ་སོགས་པས་ཚེའིའཕོས་པའི་ཕ་འམ།བུ་འམ།སྤུན་ལ་སོགས་པ་བསླུ་བའི་ཕྱིར་མི་མ་ཡིན་པ་དེ་ཡིས་འཇིག་རྟེན་པའི་རྫུ་འཕྲུལ་གྱིས་ཚེ་འཕོས་པའི་གཏན་ཚིགས་དང་།
233b7 སེམལ་དང་།ལོ་རྒྱུས་དག་ཤེས་པར་བྱས་ནས་མི་མ་ཡིན་པ་དེའི་བྱིན་གྱིས་ཕ་མ་ལ་སོགས་པས་མཐོང་བ་དང་།རྨི་ལམ་དུ་འབྱུང་བའང་ཡོད་དོ།།ཀྱེ་རྒྱལ་པོ་ཆེན་པོ་འདི་ལ




iiif viewer powered by OpenSeadragon

233a - 234a

Texts on this page

N293 - tshe 'pho ba ji ltar 'gyur ba zhus pa'i mdo