e-texts navigator
Collection
Volume
Page
Wylie

198a1 ན་མཆོག་ཏུ་གདགས་པ་ཡིན་ཏེ།གསུམ་གང་ཞེ་ན།སངས་རྒྱས་མཆོག་ཏུ་གདགས་པ་དང་།ཆོས་མཆོག་ཏུ་གདགས་པ་དང་།དགེ་འདུན
198a2 མཆོག་ཏུ་གདགས་པའོ།།དེ་ལ་སངས་རྒྱས་མཆོག་ཏུ་གདགས་པ་གང་ཞེ་ན།།སེམས་ཅན་རྐང་མེད་རྣམས་སམ།རྐང་གཉིས་རྣམས་སམ།རྐང་བཞི་རྣམས་སམ།རྐང་མངས་རྣམ
198a3 སམ།གཟུགས་ཅན་རྣམས་མ།གཟུགས་ཅན་མ་ཡིན་པ་རྣམས་སམ།འདུ་ཤེས་ཅན་རྣམས་སམ།འདུ་ཤེས་ཅན་མ་ཡིན་པ་རྣམས་སམ།འདུ་ཤེས་ཡོད་པའང་མ་ཡིན།
198a4 འདུ་ཤེས་མེད་པའང་མ་ཡིན་པ་གང་ཡང་རུང་སྟེ།དེ་དག་གི་ནང་ན་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མཆོག་ཡིན་པར་བསྟན་ཏོ།།
198a5 སངས་རྒྱས་ལ་མངོན་པར་དགའ་བང་སུའང་རུང་བ་དེ་དག་ནི་མཆོག་ལ་མངོན་པར་དགའ་བ་ཡིན་ཏེ།མཆོག་ལ་མངོན་པར་དགའ་བ་དེ་དག་ནི་རྣམ་པར་སྨིན་པའང་ལྷ་རྣམས་ཀྱི་ནང་དུ
198a6 ལྷར་གྱུར་པ་རྣམས་སམ།མི་རྣམས་ཀྱི་ནང་དུ་མིར་གྱུར་པ་རྣམས་ཀྱི་མཆོག་འབའ་ཞིག་ཏུ་འགྱུར་བར་ཤེས་པར་བྱ་སྟེ།འདི་ནི་སངས་རྒྱས་མཆོག་ཏུ་གདགས་པ་ཞེས་བྱའོ།།
198a7 ཆོས་མཆོག་ཏུ་གདགས་པ་གང་ཞེ་ན།འདུས་བྱས་སམ།འདུས་མ་བྱས་ཀྱི་ཆོས་རྣམས་གང་ཡང་རུང་སྟེ།དེ་དག་གི་ནང་ན་ནི་འདོད་ཆགས་དང་བྲལ་བའི་ཆོས་མཆོག་ཡིན




iiif viewer powered by OpenSeadragon

197b - 198b

Texts on this page

N290 - mchog tu gdags pa'i mdo