| | e-texts navigator
|
192b1 དང་ཐབས་ཅིག་ཏུ་བཞུགས་ཏེ།དེའི་ཚེ་བཅོམ་ལྡན་འདས་ཀྱིས་དགེ་སྦྱོང་རྣམས་ལ་བཀའ་སྩལ་པ།དགེ་སློང་དག་ཤེས་པ་ནི་འགྲིབ།སྲོག་ནི་ཆུད།ཚེའི་འདུ་བྱེད་ནི་ངེས་པར་འཇོམས
192b2 པར་འགྱུར་ན།ཅིའི་ཕྱིར་བརྩོན་འགྲུས་དང་།བརྟུལ་བ་བརྟན་པས་སྒྲུབ་པར་མི་བྱེད།མིའི་ལུས་ནི་ཤིན་ཏུ་རྙེད་པར་དཀའ་ནི་དེ་ཐོབ་ནས་དེས་རྙེད་པའི་རྒྱལ་པོའི་བསྟན་པ་ལ་རབ་ཏུ་བྱུང་བ
192b3 འང་རྙེད་ན་ཐར་པའི་དོན་དང་མི་མཐུན་པ་དག་གིས་བསླུས་ཏེ་སྡུག་བསྔལ་བར་གྱུར་ཏ་རེ།སྲོག་དང་བྲལ་ཞིང་ཤི་བ་ནི་སླའི།།ཚུལ་ཁྲིམས་ཉམས་པ་ནི་དེ་ལྟ་མ་ཡིན་ནོ།།དེ་ཅིའི་ཕྱིར་ཞེ་ན།
192b4 སྲོག་དང་བྲལ་བ་ནི་ཚེ་འདི་ཉིད་ཀྱི་སྐྱེ་བ་ཟད་པར་འགྱུར་གྱི།ཚུལ་ཁྲིམས་ཉམས་ཤིང་ཞིག་པ་ནི་སྐྱེ་བ་འབུམ་ཕྲག་བརྒྱའི་བར་དུ་རིགས་དང་བྲལ་ཞིང་བདེ་བ་སྤངས་ཏེ་རྣམ་པར་ལྟུང་བ
192b5 ཉམས་སུ་མྱོང་བར་འགྱུར་རོ།།དེ་ཕྱིར་སྟོན་པས་ཚུལ་ཁྲིམས་རབ་བསྔགས་བཤད།།ཚུལ་ཁྲིམས་ལྡན་པ་སངས་རྒྱས་འབྱུང་དང་ཕྲད།།ཚུལ་ཁྲིམས་ལྡན་པ་རྒྱན་རྣམས་ཀུན་གྱི
192b6 མཆོག།ཚུལ་ཁྲིམས་འབྱོར་པ་དྲི་དང་བྱུག་པ་ཡིན།།ཚུལ་ཁྲིམས་ལྡན་པ་དགའ་བ་ཀུན་གྱི་གནས།།ཚུལ་ཁྲིམས་ལྡན་པ་གདུང་བ་སེལ་བའི་ཆུ།།ཚུལ་ཁྲིམས་ལྡན་པ
192b7 འཇིག་རྟེན་ཀུན་གྱིས་བསྟོད།།ཚུལ་ཁྲིམས་དག་གིས་འགྲོ་བ་དམ་པ་མནོས།།ཇི་ལྟར་སྦྲུལ་གདུག་ཀླུ་ཆེན་ནག་པོ་ཡང་།།ཚུ་ཡི་ཁྲིམས་ཅན་ལ་གནོད་མེད་གཞན་ཅི་སྨོས།
iiif viewer powered by OpenSeadragon
192a - 193a