| | e-texts navigator
|
192a1 སྡོང་པོ་བཟང་པོ་ལ།།ཡུན་རིང་ཡལ་ཀ་འཁྲུང་བ་བཞིན།།མི་དེ་རྟགས་ཙམ་ཡུན་རིང་ན།།ཁ་ན་མཐོའི་གཏམ་འབེལ་དང་།།སྡིག་པའི་ལུས་རྣམས
192a2 འཕེལ་བར་བཤད།།ཚུལ་ཁྲིམས་འདྲི་ནི་འདྲ་བའི་མཆོག།ཚུལ་ཁྲིམས་འདི་ནི་ཐར་པའི་ལམ།།ཚུལ་ཁྲིམས་འདི་ནི་ཡོན་ཏན་ཞིང་།།ཚུལ་ཁྲིམས་འདི་ནི་སངས་རྒྱས་རྒྱུ།།
192a3 ཚུལ་ཁྲིམས་འདི་ནི་རབ་མཆོག་ཡིན།།མིག་གི་འབྲས་བུ་བཞིན་དུ་སྲུངས།།སྲོག་ལ་བབ་ཀྱང་ཚུལ་ཁྲིམས་ནི།།གཏོང་བ་མི་མཁས་བླུན་པོ་ཡིན།།སྲོག་ཆད་ཕྱི་མར་སྐྱོ་བ
192a4 སྟེ།ཚུལ་ཁྲིམས་ཕྱི་ནས་དེ་ལྟར་མིན།།དེ་བས་ཉེ་བར་འཁོར་སོགས་ཀྱིས།།འདི་ཉིད་ལ་ནི་བརྟན་པར་ཟུང་།དེ་སྐད་ཅེས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ཏེ།ཉེ་བ.རརོ་འཁོར།
192a5 ལ་སོགས་པ་དགེ་སློང་དེ་དག་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།།དགེ་སློང་ལ་རབ་ཏུ་གཅེས་པའི་མདོ་ཞེས་བྱ་བ་རྫོགས་སོ།།།
192a6 རྒྱ་གར་སྐད་དུ།ཤཱི་ལ་སི་ཡུག་ཏསཱུ་ཏྲེ།བོད་སྐད་དུ།ཚུལ་ཁྲིམས་ཡང་དག་པར་ལྡན་པའི་མདོ།།ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ།།འདི་སྐད་བདག་གིས་ཐོས
192a7 པོ་དུས་གཅིག་ན།བཅོམ་ལྡན་འདས་མཉན་དུ་ཡོད་པ་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན།དགེ་སློང་གི་དགེ་འདུན་ཆེན་པོ་བརྒྱ་ཕྲག་ཕྱེད་དང་བཅུ་གསུཾ
iiif viewer powered by OpenSeadragon
191b - 192b