e-texts navigator
Collection
Volume
Page
Wylie

472b1 ངའི་རྐང་པ་དྲུག་ནི་དུས་མ་ཡིནོ།།དཔྱིད་ཟླ་ཐ་ཆུངས་ཀྱི་ཟླ་བ་ཕྱེད་དང་པོ་ལ་ནི་རྐང་པ་བདུན་གཎ་ཌཱིའི་དུས་ཡིན་ལ།སོར་གྱིས་དམན་པའི་རྐང་པ་ལྔ་ནི་དུས་མ་ཡིནོ།།ཟླ་བ་ཕྱེད་གཉིས་པ་ལ་ནི་རྐང་པ
472b2 དྲུག་གཎ་ཌཱིའི་དུས་ཡིན་ལ།སོར་གྱིས་དམན་པའི་རྐང་པ་བཞི་ནི་དུས་མ་ཡིནོ།།དབྱར་ཟླ་ར་བ་ཕྱེད་དང་པོ་ལ་ནི་རྐང་པ་དྲུག་ག་ཎ་ཌཱིའི་དུས་ཡིན་ལ།སོར་གྱིས་དམན་པའི་རྐང་པ་བཞི་ནི
472b3 དུས་མ་ཡིནོ།།ཟླ་བ་ཕྱེད་གཉིས་པ་ལ་ནི་རྐང་པ་ལཱུ་གཎ་ཌཱིའི་དུས་ཡིན་ལ།སོར་གྱིས་དམན་པའི་རྐང་པ་གསུམ་པ་ནི་དུས་མ་ཡིན།།དབྱར་ཟླ་འབྲིང་པོའི་ཟླ་བ་ཕྱེད་དང་པོ་ལ་ནི་རྐང་པ
472b4 བཞི་གཎྜ་ཌཱིའི་དུས་ཡིན་ལ།སོར་གྱིས་དམན་པཱའི་རྐང་པ་གསུམ་ནི་དུས་མ་ཡིན།།ཟླ་བ་ཕྱེད་གཉིས་པ་ལ་ནི་རྐང་པ་བཞི་གཎ་ཊཱའི་དུས་ཡིན་ལ།སོར་གྱིས་དམན་པའི་རྐང་པ
472b5 གཉིས་ནི་དུས་མ་ཡིནོ།།དབྱར་ཟླ་ཐ་ཆུངས་ཀྱི་ཟླ་བ་ཕྱེད་དང་པོ་ལ་ནི་རྐང་པ་གསུམ་ག་ཎ་ཌཱིའི་དུས་ཡིན་ལཱ།སོར་གྱིས་དམན་པའི་རྐང་པ་གསུམ་ག་ཎ་ཌཱིའི་དུས་ཡིན་ལ།སོར་གྱིས
472b6 དམན་པའི་རྐང་པ་གཉིས་ན་དུས་མ་ཡིནོ།།སྟོན་ཟླ་ར་བའི་ཟླ་བ་ཕྱེད་དང་པོ་ལ་ནི་རྐང་པ་གསུམ་གཎ་ཌཱིའི་དུས་ཡིན་ལ།སོར་གྱིས་དམན་པའི་རྐང་པ་ཕྱེད་དང་གསུམ་ནི་དུས་མ་ཡིནོ།།ཟླ་བ
472b7 ཕྱེད་གཉིས་པ་ལ་ནི་རྐང་པ་གཉིས་གཎ་ཌཱིའི་དུས་ཡིན་ལ།སོར་གྱིས་དམན་པའི་རྐང་པ་ཕྱེད་ནི་དུས་མ་ཡིནོ།།སྔོན་ཟླ་འབྲིང་པོའི་ཟླ་བ་ཕྱེད་དང་པོ་ལ་ནི་རྐང་པ་བཞི་གཎ་ཌཱིའི་དུས་ཡིན




iiif viewer powered by OpenSeadragon

472a - 473a

Texts on this page

N284 - gaN DI'i dus kyi mdo