| | e-texts navigator
|
458a1 དང་།དགེ་འདུན་ལ་དགའ་བར་རྣམ་པར་གན་སོ།།འདི་ནི་བཅོམ་ལྡན་འདས་ཀྱི་འདུལ་བ་རྣམས་འདུས་པ་ཆེན་པོ་ཐ་མར་བྱུང་བ་ཡིན།།དེ་ནས
458a2 ཤའི་གྲོང་ཁྱེར་ནས་སྐྱེས་པའི་གྱད་རྣམས་ཡིད་བྱུང་བར་གྱུར་ཅིང་།བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་བཙལ་ཏེ།བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ
458a3 བྱས་ནས་བཅོམ་ལྡན་འདས་ཀྱི་ཐད་ནས་དོང་ངོ་།།འཕགས་པ་རྡོ་འཕངས་པའི་མདོ་རྫོགསོ།།།།རྒྱ་གར་སྐད་དུ།ཀུ་མཱ་ར་དྲྀཥྚཱནྟ་སཱུ་ཏྲ།བོད་སྐད
458a4 དུ།གཞོན་དཔའི་མདོ།།སངས་རྒྱས་དང་།བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལོ།།འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན།བཅོམ་ལྡན་འདས
458a5 ཀོ་ས་ལའི་ལྗོངས་རྒྱུ་ཞིང་གཤེགས་པ་དང་།མཉན་ཡོད་དུ་བྱོན་ནས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགསོ།།ཀོ
458a6 ས་ལའི་རྒྱལ་པོ་གསལ་རྒྱལ་གྱིས་དགེ་སྦྱོང་གཽ་ཏ་མ་ཀོ་ས་ལའི་ལྗོངས་རྒྱུ་ཞིང་གཤེགས་པ་དང་།མཉན་ཡོད་དུ་བྱོན་ནས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན
458a7 མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་ཏེ།ཤེས་ལྡན་གཽ་ཏ་མ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་སངས་རྒྱས་པར་བདག་ཉིད་ཞལ་གྱིས
iiif viewer powered by OpenSeadragon
457b - 458b