| | e-texts navigator
|
457b1 ལྟར་ལྷགས་པ་བཞིན་དུ་ཐུགསུ་ཆུད་ནས་བསམ་པ་དང་།པྲཱ་རྒྱས་དང་།ཁམས་དང་།རང་བཞིན་རྣམ་པར་མཁྱེན་ཏེ།འཕགས་པའི་བདེན་པ་བཞི་ཡང་དག་པར་རབ་ཏུ་རྟོགས་པར
457b2 བྱེཁྱོད་པའི་ཆོས་བསྟན་པོ་དེ་ལྟ་བུ་མཛད་པར་གྱུར་ཏེ།དེ་ཐོས་པ་ཁོ་ན་ལས་ཀུ་ཤའི་གྲོང་ཁྱེར་ནས་སྐྱེས་པའི་གྱད་རྣམས་ཀྱིས་ཁ་ཅིག་གིས་ནི་དྲོ་བར་གྱུར་པའི་དགེ་བའི་རྩ་བ་དག་བསྐྱེད་དོ།།
457b3 ཁ་ཅིག་གིས་ནི་རྩེ་མོ་དག་བསྐྱེད་དོ།།ཁ་ཅིག་གིས་ནི་བཟོད་པ་ཆུང་ངུ་དང་འབྲིང་དག་བསྐྱེད་དོ།།ཁ་ཅིག་གིས་ནི་བདེན་པ་དང་རྗེས་མཐུན་པའི་ཆོས་ཀྱི་མཆོག་རྣམས་བསྐྱོད་དོ།།ཁ
457b4 ཅིག་གིས་ནི་རྒྱུན་ཏུ་ཞུགས་པའི་འབྲས་བུ་མངོན་དུ་བྱསོ།།ཁ་ཅིག་གིས་ནི་ལན་ཅིག་ཕྱིར་འོང་བའི་འབྲས་བུ་མངོན་དུ་བྱསོ།།ཁ་ཅིག་ནི་ཕྱིར་མི་འོང་བའི་འབྲས་བུ་མངོན་དུ་བྱསོ།།
457b5 ཁ་ཅིག་གིས་ནི་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ།དགྲ་བཅོམ་པོ་ཉིད་མངོན་དུ་བྱསོ།།ཁ་ཅིག་གིས་ནི་ཉན་ཐོས་ཀྱི་བྱང་ཆུབ་ཏུ་སེམས་བསྐྱེད་པ་དག་ཏུ་གྱུར་ཏོ།།
457b6 ཁ་ཅིག་གིས་ནི་རང་བྱང་ཆུབ་ཏུ་སེམས་བསྐྱེད་པ་དྲག་ཏུ་གྱུར་ཏོ།།ཁ་ཅིག་གིས་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་དག་ཏུ་གྱུར་ཏོ།།སངས
457b7 རྒྱས་བཅོམ་ལྡན་འདས་རྣམས་ནི་འབྲས་བུ་ཡོད་པའི་ཆོས་ཀྱི་འབྲས་བུ་སྟོན་པ་དག་ཡིན་ཏེ།འཁོར་དེ་ལས་གང་ཕལ་ཆེར་ནི་སངས་རྒྱས་ལ་གཞོལ་བ་དང་།ཆོས་ལ་འབབ་པ
iiif viewer powered by OpenSeadragon
457a - 458a