e-texts navigator
Collection
Volume
Page
Wylie

457a1 ལྡན་པ།།དེ་དག་མཐོང་བ་རྙེད་པར་དཀའ།།ུ་དུམ་པ་རའི་མེ་ཏོག་བཞིན།།བསྐལ་བ་བྱེ་བར་རྙེད་པར་དཀའ།།ཤཱུཀྵ་སེང་གེ་མི་ལི
457a2 མཆོག།སྟོན་ཁྱོད་དེ་བཞིན་རྙེད་པར་དཀའ།།གཟུགས་ནུ་སྤྱོད་པའི་ལྷར་བཅས་ཏེ།།ཐལ་མོ་རབ་སྦྱར་ཁྱོད་ལ་འདུད།།ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་ཕྱོགས་གཅིག་ཏུ
457a3 འདུག་བླ་དེའི་ཆ་ཚིག་སུ་བཅད་པ་དྲག་གསོལ་པ།བདག་གི་ཆོས་མིག་རྣམ་པར་དག།སྙིང་ལ་ཆོས་ཀྱི་སྒྲོན་མ་འབར།།ངན་སོང་སྒྲོ་རྣམས་བཅད་ལགས་ཏེ།།བདག
457a4 ལ་ངན་འགྲོའི་འཇིགས་མ་མཆིས།།ེ་མའོ་སྟོན་པ་ཐུགས་རྗེ་ཅན།།ཕན་པར་བཞེད་དང་ཐུགས་བརྩེ་བ།།འདོད་པར་སྤྱོད་པའི་ལྷར་བཅས་ཏེ།།ཐལ་མོ
457a5 རབ་སྦྱར་ཁྱེད་ལ་འདུད།།མི་ཐོགས་ཡོངསུ་མྱ་ངན་འདད།།ཁྱོད་ལ་ཐ་མར་ལྟ་བ་ལགས།།འཁོར་གྱི་བདག་པོ་ཚངས་པ་དང་།།ལྷ་རྣམས་ཀྱི་དབང་པོ་བརྒྱ
457a6 བྱིན་གྱིས་སྐད་ཅེས་གསོལ་ནས།བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་ངོས་ཕྱག་བཙལ་ཏེ།བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ནས་བཅོམ
457a7 ལྡན་འདས་ཀྱི་ཐད་ནས་ཞལ་དུ་ཕྱོགས་ཤིང་ལྟེ་བས་དོང་སྟེ།མགོ་བོས་ཕྱག་བཙལ་ནས་དེ་ཉིད་དུ་མི་སྣང་བར་གྱུར་ཏོ།།དེ་ནས་བཅོམ་ལྡན་འདས་ཀྱིས་འཁོར་རྫ




iiif viewer powered by OpenSeadragon

456b - 457b

Texts on this page

N280 - 'phags pa rdo 'phangs pa'i mdo