e-texts navigator
Collection
Volume
Page
Wylie

455b1 ཆོས་ལ་དགེ་བའི་རྩ་བ་བསྐྱེད་པ་དང་།དགེ་འདུན་ལ་དགེ་བའི་རྩ་བ་བསྐྱེད་པ་ནི་བགྲང་བ་དང་།ཚད་གཟུང་བར་མི་ནུས་ཏེ།འཁོར་བར་ཟད་པར་མི་འགྱུར།ཡོངསུ་གཏུགས་པར་མི
455b2 འགྱུར་ཞིང་།མྱ་ངན་ལས་འདས་པ་མྱི་ཟད་པའང་ཐོབ་པར་བྱེད་དོ།།གནས་འཇོག་གི་རྒྱུད་དགྲ་གླིང་བཞི་པའི་འཇིག་རྟེན་གྱི་ཁམས་ཀྱང་ཞོག།རིའི་རྒྱལ་པོ་ཁོར་ཡུག་དང་།ཁོར
455b3 ཡུག་ཆེན་པོ་དག་ཀྱང་ཞོག།རྒྱ་མཚོ་ཆེན་པོ་ཡང་ཞོག་གི།གནས་འཇོག་གི་རྒྱུད་དག་རིའི་རྒྱལ་པོ་རི་རབ་ནི་དཔག་ཚད་བརྒྱད་ཁྲི་ཆུའི་ནང་དུ་ནུབ་ཅིང་།དཔག་ཚད་བརྒྱད་ཁྲི
455b4 ཆུ་ལས་གྱེན་དུ་མངོན་དུ་འཕག་སོ།།དེ་ལའང་སྲང་འདི་སྙེད་ཅིག་ཡོད་དོ་ཞེའམ།སྲང་བརྒྱ་འམ།སྲང་སྟོང་ངམ།སྲང་བརྒྱ་སྟོང་ཞིག་ཡོད་དོ་ཞེས་བབྲང་བ་དང་།ཚད
455b5 ཟུང་བར་ནུས་ཀྱི།གནས་འཇོག་གི་རྒྱུད་དག་སངས་རྒྱས་ལ་དགེ་བའི་རྩ་བ་བསྐྱེད་པ་ནི་བགྲང་བ་དང་།ཚད་གཟུང་བར་མི་ནུས་ཏེ།འཁོར་བར་ཟད་པར་མི་འགྱུར
455b6 ཡོངསུ་གཏུགས་པར་མི་འགྱུར་ཞིང་།མྱ་ངན་ལས་འདས་པ་མི་ཟད་པའདྲ་ཐོབ་པར་བྱེད་དོ།།ཆོས་ལ་དགེ་བའི་རྩ་བ་བསྐྱེད་པ་དང་།དགེ་འདུན་ལ་དག་པའི་རྩ་བ་བསྐྱེད་པ
455b7 ནི་འགྲེང་བ་དང་།ཚད་གཟུང་བར་མི་ནུས་ཏེ།འཁོར་བར་ཟད་པར་མི་འགྱུར།ཡོངསུ་གཏུགས་པར་མི་འགྱུར་ཞིང་།མྱ་ངན་ལས་འདས་པ་མི་ཟད་པའང་ཐོང




iiif viewer powered by OpenSeadragon

455a - 456a

Texts on this page

N280 - 'phags pa rdo 'phangs pa'i mdo