| | e-texts navigator
|
455a1 དག་སངས་རྒྱས་ལ་དགེ་བའི་རྩ་བ་བསྐྱེད་པ་ནི་བགྲང་བ་དང་།ཚད་གཟུང་བར་མི་ནུས་ཏེ།འཁོར་བར་ཟད་པར་མི་འགྱུར་ཡོངསུ་གཏུགས
455a2 པར་མི་འགྱུར་ཞིང་།མྱ་ངན་ལས་འདས་པ་མི་ཟད་པའང་ཐོབ་པར་བྱེད་དོ།།ཆོས་ལ་དགེ་བའི་རྩ་བ་བསྐྱེད་པ་དང་།དགེ་འདུན་ལ་དགེ་བའི་རྩ་བ་བསྐྱེད་པ་ནི
455a3 བགྲང་བ་དང་།ཚད་གཟུང་བར་མི་ནུས་ཏེ།འཁོར་བར་ཟད་པོར་མི་འགྱུར།ཡོངསུ་གཏུགས་པརོ་མི་འགྱུར་ཞིང་།མྱ་ངན་ལས་འདས་པ་མི་ཟོད་པའང་ཐོབ་པར
455a4 བྱེད་དོ།།གནས་འཇོག་གི་རྒྱུད་དག་གླིང་བཞི་པའི་འཇིག་རྟེན་གྱི་ཁམས་ཀྱང་ཞོག།རིའི་རྒྱལ་པོ་ཁོར་ཡུག་ཆེན་པོ་དག་ཀྱང་ཞོག་གི།གནས་འཇོག་གི་རྒྱུད་དག
455a5 རྒྱ་མཚོ་ཆེན་པོ་ནི་ཟབ་སུ་དཔག་ཚད་བརྨྱང་ཁྲི་ཡོད་ཅིང་།རྒྱར་ནི་དཔག་ཏུ་མེད་པའོ།།དེ་ལའང་བུམ་པ་འདི་སྙེད་ཡོད་དོ་ཞེ་འམ།བུམ་པ་བརྒྱ་འམ།བུམ་པ
455a6 སྟོང་ངམ།བུམ་པ་བརྒྱ་སྟོང་ཞིག་ཡོད་དོ་ཞེས་བགྲང་བ་དང་།ཚད་བཟུང་བར་ནུས་ཀྱི།གླནས་འཇོག་གི་རྒྱུད་དག་སངས་རྒྱས་ལ་དགེ་བའི་རྩ་བ་བསྐྱེད་པ་ནི་བགྲང
455a7 པཾ་དང་།ཚད་གཟུང་བར་མི་ནུས་ཏེ།འཁོར་བར་ཟད་པར་མི་འགྱུར།ཡོངསུ་གཏུགས་པར་མི་འགྱུར་ཞིང་།མྱ་ངན་ལས་འདས་པ་མི་ཟད་པའང་ཐོབ་པར་བྱེད་དོ།།
iiif viewer powered by OpenSeadragon
454b - 455b