| | e-texts navigator
|
453a1 སངས་རྒྱས་ཀྱི་བསྟནུ་བ་རྒྱ་མཚོ་འདི་འང་རྒྱུ་བཞིས་ནུབ་པར་མི་འགྱུར།།བཞི་གང་དག་གིས་ཞེ་ན།འོག་ཏུ་ནི་འདུལ་བའི་གསེར
453a2 གྱི་འཁོར་ལོས་ཀུན་ཏུ་བཟུང་བ་དང་།ངོས་སུ་ནི་མདོ་སྡེའི་ཁོར་ཡུག་གིས་ཡོངསུ་བཟུང་བ་དང་།ཆོས་མངོན་པའི་ཀླུ་ཆེན་པོའི་ཚར་གྱིས་ཀུན་ཏུ་ཡོངསུ་གང་བར་བྱས་པ
453a3 དང་།བསྒོམ་པ་ལས་བྱུང་བའི་དགེ་བའི་རྩ་བའི་ཆུ་ཀླུང་དག་བྲིས་ཡོངསུ་རྒྱས་པར་བྱས་པའོ།།གནས་འཇོག་གི་རྒྱུད་དག་འོན་ཀྱང་སངས་རྒྱས་ལ་དགེ་བའི་རྩ་བསྐྱེད
453a4 པ་ནི་འཁོར་བར་ཟད་པར་མི་འགྱུར།ཡོངསུ་གཏུགས་པར་མི་འགྱུར་ཞིང་།མྱ་ངན་ལས་འདས་པ་མི་ཟད་པའང་ཐོབ་པར་བྱེད་དོ།།ཆོས་ལ་དགེ་བའི་རྩ་བ་བསྐྱོད
453a5 པ་དང་།དགེ་འདུན་ལ་དགེ་བའི་རྩ་བ་བསྐྱེད་པ་ནི་འཁོར་བར་ཟད་པར་མི་འགྱུར།ཡོངསུ་གཏུགས་པར་མི་འགྱུར་ཞིང་།མྱ་ངན་ལས་འདས་པ་མི་ཟད་པ
453a6 ཐོབ་པར་བྱེད་དོ།།གནས་འཇོག་གི་རྒྱུད་དག་ཛམྦུའི་གླིང་འདི་ནི་ཆུ་དང་ཞིང་དུ་དངག་ཚད་བདུན་སྟོང་ཡོད་ཅིང་།བྱང་ཕྱོགསུ་ནི་ཡངས་ལ།ལྷོ་ཕྱོགསུ་ཤིང
453a7 རྟའི་དབྱིབས་ཡིན།།དེ་ནི་གམ་པ་འདི་སྙེད་ཅིག་ཡིད་དེ་ཞེ་འམ།གོམ་པ་བརྒྱ་འམ།གོམ་པ་སྟོང་ངམ།གོམོ་པ་བརྒྱ་སྙིང་ཞིག་ཡོད་ཅེས་བགྲང་བ་དང་།ཚ
iiif viewer powered by OpenSeadragon
452b - 453b