| | e-texts navigator
|
452b1 ཁྱེར་ནས་སྐྱེས་པའི་གྱད་རྣམས་ཀྱང་རྡོ་ཆེན་པོ་ཡངས་པ་དེ་ཉིད་ཀྱི་ཕྱོགས་གཅིག་ཏུ་འཁོད་དོ།།དེ་ནས་བཅོམ་ལྡན་འདས་ཀུ་ཤཱའི་གྲོང་ཁྱེར་ནས་སྐྱེས་པའི་གྱད་རྣམས་ལ་ཤད་ཀྱིས་སྦྱོང
452b2 བཱི་ལྟར་མཛད་ཅིང་ཀུ་ཤུའི་གྲོང་ཁྱེར་ནས་སྐྱེས་པའི་གྱད་རྣམས་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།།གནས་འཇོག་གི་རྒྱུད་དག་རྡོ་ཆེན་པོ་ཡངས་པ་འདི་ནི་བསྐལ་པ་དང་པོའི
452b3 མི་རྣམས་ཀྱི་རྩལ་བའི་རྡོར་གྱུར་ཏོ།།འདི་ལྟར་དེང་སང་ཡང་དེ་ལ་སོར་མོའི་རྗེས་དག་སྣང་བའི་ཕྱིར།།གནས་འཇོག་གི་རྒྱུད་དག་ད་ལྟར་འདུ་བྱེད་ཐམས་ཅད་ནི་མི་རྟག་པ།མི
452b4 བརྟན་པ།ཡིད་བརྟན་དུ་མི་རུང་བ།རྣམ་པར་འགྱུར་བའི་ཆོས་ཅན་དག་ཡིན་ཏེ།འདུ་བྱེད་ཐམས་ཅད་ཀྱི་བར་གྱིས་ཆོག་པ་ཉིད་དོ།།སྐྱོ་བར་བྱས་པའི་རིག་སོ།།འདོད
452b5 ཆགས་དང་བྲལ་བར་བྱ་བའི་རིག་སོ།།རྣམ་པར་གྲོལ་བར་བྱ་བའི་རིགས།།གནས་འཇོག་གི་རྒྱུད་དག་རྒྱ་མཚོ་ཆེན་པོ་ནི་རྒྱུ་བཞིས་བསྒོམ་པར་མི་ནུསོ།།བཞི་གང་དག
452b6 གིས་ཞེ་ན།འོག་ཏུ་ནི་གསེར་གྱི་འཁོར་ལོས་ཀུན་ཏུ་བཟུང་བ་དང་།ངོས་སུ་ནི་ཁོར་ཡུག་གིས་ཡོངསུ་བཟུང་བ་དང་།སྟེང་ནས་ནི་ཀླུ་ཆེན་པོ་དག་གིས་ཤིང་རྟའི་སྲོག་ཤིང
452b7 ཙམ་དུ་ཆུའི་རྒྱུན་གྱི་ཆར་འབེབས་པར་བྱེད་པ་དང་།ཆུ་བོ་ཆེན་པོ་ཐམས་ཅད་ཆུ་ཀླུང་སྟོང་ཕྲག་དུ་མའི་འཁོར་དང་ལྡན་པ་རྒྱ་མཚོ་ཆེན་པོར་འབབ་པར་བྱེད་པའོ།།དེ་ལྟར
iiif viewer powered by OpenSeadragon
452a - 453a