e-texts navigator
Collection
Volume
Page
Wylie

450a1 པའི་ལྟ་བའི་ལས་དང་།ཆོས་ཡང་དག་པར་ལེན་པའི་རྒྱུས་དེའི་རྒྱུ་དང་རྐྱེན་གྱིས་ལུས་ཞིག་ནས་བདེ་འགྲ་མན་རས་ཀྱི་འཇརྟེན་དུ
450a2 རྣམས་ཀྱི་ནང་དུ་སྐྱེ་བར་འགྱུརརོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏེ།གནས་འཇོག་གི་རྒྱུད་དག་འདི་ལྟར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི
450a3 སངས་རྒྱས་རྣམས་ནི་ལྷའི་སྤྱན་རྣམ་པར་དག་པ་མི་ལས་འདས་པས་སེམས་ཅན་འཆི་འཕོ་བ་དག་དང་།སྐྱེ་བ་དག་དང་།མདོག་བཟང་པོ་དག་དང་།མདོག་ངན་པ་དག་དང་།
450a4 དམན་པ་དང་།གྱ་ནོམ་པོ་དྲུག་དང་།བདེ་འགྲོ་དང་།ངན་འགྲོར་འགྲོ་བདག་ལ་གཟིགས་པར་མཛད་ཅིང་།སེམས་ཅན་ལས་ཇི་ལྟ་བ་བཞིན་དུ་ཉེ་བར་དོང་བ་དག་ལ་སེམས
450a5 ཅན་འབྱུང་བ་དེ་དག་ནི་ལུས་ཀྱིས་ཉེས་པར་སྤྱོད་པ་དང་ལྡན་པ་དག་དང་།ངག་དང་ཡིད་ཀྱིས་ཉེས་པར་སྤྱོད་པ་དང་ལྡན་པ་བྱུ་དུ་འཕགས་པ་རྣམས་ལ་སྐུར་པ་འདེབས་པ་དག་དང་ལོག
450a6 པར་ལྟ་བ་དག་ཡིན་ཏེ།ལོག་པར་ལྟ་བའི་ལས་དང་།ཆོས་ཡང་དག་པར་ལེན་པའི་རྒྱུས་དེའི་རྒྱུ་དང་།དེའི་རྐྱེན་གྱིས་ལུས་ཞིག་ནས་ཤི་ཕན་ཅད་ངན་སོང་ངན་འགྲོ
450a7 ལོག་པར་ལྟུངམ་བའི་སེམས་ཅན་དམྱལ་བ་དག་ཏུ་སྐྱེ་བར་འགྱུར།།ཡང་ན་སེམས་ཅན་འབྱུང་བ་དེ་དག་ནི་ལུས་ཀྱིས་ལེགས་པར་སྤྱོད་པ་དང་ལྡན་པ་དང་།ངག་དང་ཡིད




iiif viewer powered by OpenSeadragon

449b - 450b

Texts on this page

N280 - 'phags pa rdo 'phangs pa'i mdo