| | e-texts navigator
|
448b1 རིང་བར་གྱུར།ཡུན་ནི་འདི་སྲིད་དག་ཅིག་ཏུ་གནས་གནས།ཚེ་དག་ནི་འདི་ཙམ་དག་ཅིག་ཐུབ།དེ་དག་དང་བདག་ཅག་གནས་དེ་ནས་ཤི་འཕོས་ཏེ་ཆེ་གེ་མོ་ཞིག་ཏུ་སྐྱེས་པ
448b2 དག་ཏུ་གྱུར།དེ་ནས་ཀྱང་ཤི་འཕོས་ནུས་ཆེ་གེ་མོ་ཞིག་ཏུ་སྐྱེས་པ་དག་ཏུ་གྱུར།དེ་ནས་ཀྱང་ཤི་འཕོས་ནས་ཡང་འདིར་སྐྱེས་པ་དག་ཏུ་གྱུར་ཏོ་ཞེས་རྣམ་པ་དང་བཅོས་ཤིང་།
448b3 ཡུལ་ཕྱོགས་དང་བཅས་ལ།གཞི་ཅི་ལས་གྱུར་པ་དང་བཅས་པར་སྔོན་གྱི་གནས་རྣམ་པ་དུ་མ་ཡང་དག་པར་རྗེ་སུ་དྲན་པོར་མཛད་ལ།གནས་འཇོག་གི་རྒྱུད་དགའ
448b4 ལྟར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ནི་སྔོན་གྱི་གནས་རྣམ་པ་དུ་མ་ཡང་དག་པར་རྗེསུ་དྲན་པར་མཛད་དེ།འདི་ལྟ་སྟེ།ཚེ་རབས
448b5 གཅིག་དང་།གཉིས་དང་།གསུམ་དང་།བཞི་དང་།ལྔ་དང་།དྲུག་དང་།བདུན་དང་།བརྒྱད་དང་།དགུ་དང་།བཅུ་དང་།ཉི་ཤུ་དང་།སུམ་ཅུ་དང་།བཞི་བཅུ་དང་།སྔ
448b6 བཅུ་དང་།ཚེ་རབས་བརྒྱ་དང་།ཚེ་རབས་སྟོང་དང་།ཚེ་རབས་བརྒྱ་སྟོང་དང་།ཚེ་རབས་བརྒྱ་ཕྲག་དུ་མཱ་དང་།ཚེ་རབས་སྟོང་ཕྲག་དུ་མ་དང་།ཚེ་རབས་བརྒྱ་སྟོང་ཕྲག་དུ་མ
448b7 དང་།འཇིག་པའི་བསྐལ་པ་དང་།འཆགས་པའི་བསྐལ་པ་དང་།འཇིག་པ་དང་།འཚོགས་པའི་བསྐལ་པ་དང་།འཇིག་པའི་བསྐལ་པ་དུ་མ་དང་།འཆགས
iiif viewer powered by OpenSeadragon
448a - 449a