e-texts navigator
Collection
Volume
Page
Wylie

440a1 ། དག་དེ་ཙམ་དུ་གྱུར་ནས།གནས་འཇོག་གི་རྒྱུ་དག་སྣག་ཆའི་སྙིང་ཁུ་རྒྱ་མཚོ་ཆེན་བཙམ་དང་།ཕྲོག་ཤོག་ཤོག་རི་རབ་ཙམ་དང་།ཡི་གེ་།
440a2 དག་གླིང་བཞི་པའི་སེམས་ཅན་གི་ཁམས་ཙམ་དང་།སྐྲག་གུ་དག་ས་ཆེན་པོའི་སྟེང་ན་རྩི་དང་།ཤིང་དང་།ཡལ་ག་དང་།ཤིང་གི་དུམ་བུ་ཙམ་ནི་ཆེས་མྱུར་དུ་ཡོངསུ་ཟད་པ
440a3 དང་།ཡོངསུ་གཏུགས་པར་འགྱུར་གྱི།དགེ་སློང་ཤཱ་རིའི་བུའི་ཤེས་རབ་ཟད་པར་འགྱུར་བར་ནི་ང་མི་སྨྲའོ།།གནས་འཇོག་གི་རྒྱུད་དག་དགེ་སློང་ཤཱ་རིའི་བུ་ནི་ཤེས་རབ
440a4 ཀྱི་སྟོབས་དེ་ལྟ་བུ་དང་ལྡན།།གནས་འཇོག་གི་རྒྱུད་དྲུག་འདི་ལྟ་སྟེ།རྣམ་པར་སྣང་བྱེད་ཀྱི་ཉི་མ་དག་ནི་ཀུན་ཏུ་འགྲོ་བ་དང་།ཕྱོགས་སྣང་བར་བྱེད་དོ།།དེ་སྲིད་དུ་སྟོང་གི
440a5 འཇིག་རྟེན་ན་ཟླ་བ་སྟོང་དང་ཉི་མ་སྟོང་དང་།རིའི་རྒྱལ་པོ་རི་རབ་སྟོང་དང་།ཤར་གྱི་ལུས་འཕགས་སྟོང་དང་།བ་ལང་སྤྱོད་སྟོང་དང་།བྱང་གི་སྒྲ་མི་སྙན་སྟོང་དང་།
440a6 ཛམྦུའི་གླིང་སྟོང་དང་།རྒྱལ་ཚོན་བཞིའི་རིས་ཀྱི་ལྷ་སྟོང་དང་།སུམ་ཅུ་རྩ་གསུམ་པ་དག་དང་།འཐབ་བྲལ་དག་དང་།དགའ་ལྡན་དག་དང་།འཕྲུལ་དགའ་དྲག་དང
440a7 གཞན་འཕྲུལ་དབང་བྱེད་ཀྱི་ལྷ་སྟོང་དང་།ཚངས་པའི་འཇིག་རྟེན་སྟོང་པོ་འདི་ནི་སྟོང་།སྤྱི་ཕུད་ཀྱི་འཇིག་རྟེན་གྱི་ཁམས་ཞེས་བྱའོ།།སྟོང་ཆུང་ངུའི་འཇིག་རྟེན་སྐྱེ




iiif viewer powered by OpenSeadragon

439b - 440b

Texts on this page

N280 - 'phags pa rdo 'phangs pa'i mdo