e-texts navigator
Collection
Volume
Page
Wylie

439b1 བར་གཤེགས་པ་མཆོག་ཏུ་འཚལ་ལགསོ།།གནས་འཇོག་གི་རྒྱུད་དག་དེའི་ཕྱིར་ཁྱེད་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་གཟུང་ཞིག་དང་ངས་བཤད་དོ།།གནས་འཇོག་གི་རྒྱུད་དག
439b2 རྒྱ་མཚོ་ཆེན་པོ་ནི་ཟབསུ་དཔག་ཚད་བརྒྱད་ཁྲི་ཡོད་པ།རྒྱར་དཔག་ཏུ་མེད་པ་དེ་སྣག་ཚའི་སྙིང་ཁུས་ཡོངསུ་གང་བར་གྱུར་ཅིང་།རེའི་རྒྱལ་པོ་རི་རབ་དཔག་ཚད་བརྒྱད་ཁྲོ་ཆུའི
439b3 ནིང་ནས་མངོན་དུ་འཕགས་ཏེ།རིན་པོ་ཆེ་སྣ་བཞི་ལས་བྱས་ཤིང་ངོས་བཞི་ཡོད་པ།དེའི་ངོས་གཅིག་ནི་གསེར་ལས་བྱས་པ་ཡིན།ངོས་གཉིས་པ་ནི་དངུལ་ལས་བྱས་པའོ།།
439b4 གསུམ་པ་ནི་བཻཌཱུརྱ་ལས་བྱས་པའོ།།བཞི་པ་ནི་ཤེལ་ལོས་བྱས་པ་སྟེ།དེ་ལ་གསེར་གྱི་ངོས་ནི་བྱང་གི་སྒྲ་མི་སྙན་གྱི་གླིང་སྣང་ངོ་།།དངུལ་ལས་བྱས་པའི་ངོསུ་ནི་ཤར་གྱི
439b5 ལུས་འཕགས་ཀྱི་གླིང་སྣང་ངོ་།།བཻ་ཌཱུརྱ་ལས་བྱས་པའི་ངོས་ན་ནཱི་ཛམླྀའི་གླིང་སྣང་ངོ་།།ཤེལྀ་ལས་བྱིས་པའི་ངོས་ནི་ནི་བི་ལང་སྤྱོད་ཀྱི་གླིང་སྣང་ངོ་།།རིའི་རྒྱལ་པོ་རི་རབ་དཔག
439b6 ཚད་བརྒྱད་ཁྲི་འོག་ཏུ་ཆུའི་ནང་དུ་ནུབ་སྟེ།གསོར་ལས་བྱས་པའི་ས་སྟེང་གི་བེར་ན་གནས་པ་དེ་གྲོ་གའི་ཤོག་ཤོག་ཙམ་དུ་གྱུར་ལོ།གླིང་བཞིན་སེམས་ཅན་གྱི་ཁམས
439b7 གང་སུ་དག་ཡོད་པ་ཡི་གེ་པ་རྣམས་ནི་དེ་ཙམ་དུ་གྱུར་ཏེ།ས་ཆེན་པོའི་སྟེང་ན་རྩཝ་དང་།ཤིང་དང་།ཤིང་གི་ཡལ་ག་དང་།ཤིང་གི་དུམ་བུ་གང་ཅིའང་རུང་སྐྱུག་གུ




iiif viewer powered by OpenSeadragon

439a - 440a

Texts on this page

N280 - 'phags pa rdo 'phangs pa'i mdo