| | e-texts navigator
|
436b1 བར་བྱས་ཀྱང་བརྒྱའི་ཆར་ཡང་ཉེ་བར་མི་འགྲའོ།།སྟེང་གི་ཆ་དང་།བརྒྱ་སྟོང་གི་ཆ་དང་།གྲངས་དང་།ཆ་དང་།བགྲང་བ་དང་།དཔ་དང་།རྒྱུར་ཡང་ཉེ་བར་མི་འགྲོའོ།།རྒྱལ་ཆེན་བཞན
436b2 རིས་ཀྱི་ལྷ་དག་བྱེ་བ་ཕྲག་འབུམ་གྱི་བསོད་ནམས་གང་ཡིན་པ་དེ་རྒྱལ་པོ་ཆེན་པོ་བཞིའི་བསོད་ནམས་དག་ཏུ་ངེས་པར་བརྟག་པར་བྱས་ཀྱང་བརྒྱའི་ཆར་ཡང་ཉེ་བར་མི་འགྲོའོ།།སྟོང་གི་ཆ
436b3 དང་།བརྒྱ་སྟོང་གི་ཆ་དང་།གྲངས་དང་ཆ་དང་བགྲང་བ་དང་།དཔེ་དང་རྒྱུར་ཡང་ཉེ་བར་མི་འགྲོའོ།།རྒྱལ་པོ་ཆེན་པོ་བཞི་བྱེ་བ་ཕྲག་འབུམ་གྱི་བསོད་ནམས་གང་ཡིན་པ་དེ་སུམ་ཅུ་རྩ
436b4 གསུམ་པའི་ལྷ་རྣམས་ཀྱི་བསོད་ནམས་དག་ཏུ་ངེས་པར་བརྟག་པར་བྱས་ཀྱང་བརྒྱའི་ཆར་ཡང་ཉོ་བར་མི་བགྲོའོ།།སྟོང་གི་ཚེ་དང་།བརྒྱ་སྟོང་གི་ཆ་དང་།གྲངས་དང་།ཆ་དང་།
436b5 བགྲང་བ་དང་།དཔེ་དང་།རྒྱུར་ཡང་ཉེ་བར་མི་འགྲོའོ།།སུམ་ཅུ་རྩ་གསུམ་པའི་ལྷ་དག་བྱ་བ་ཕྲག་འབུམ་གྱི་བསོད་ནམས་གང་ཡིན་པ་དེ་ལྷའི་དབང་པོ་བརྒྱ་བྱིན་གྱི་བསོད་ནམས
436b6 དག་ཏུ་ངེས་པར་བརྟག་པར་བྱས་ཀྱང་བརྒྱའི་ཆར་ཡང་ཉེ་བར་མི་འགྲོའོ།།སྟོང་གི་ཆ་དང་།བརྒྱ་སྟོང་གི་ཆ་དང་།གྲངས་དང་།ཆ་དང་།བགྲང་བ་དང་།དཔེ་དང་།རྒྱུར་ཡང
436b7 ཉེ་བར་མི་འགྲོའོ།།ལྷའི་དབང་པོ་བརྒྱ་བྱིན་དག་བྱེ་བ་ཕྲག་འབུམ་གྱི་བསོད་ནམས་གང་ཡིན་པ་དེ་འཐབ་བྲལ་གྱི་ལྷ་རྣམས་ཀྱི་བསད་ནམས་དག་ཏུ་ངེས་པར་བརྟག་པར་བྱས་ཀྱང
iiif viewer powered by OpenSeadragon
436a - 437a