e-texts navigator
Collection
Volume
Page
Wylie

434b1 ཡན་ལག་མཆོག་གི་སྟོབས་བཅུ་གང་ཡིན་པ་དེ་སྲེད་མེད་ཀྱི་བུ་ཕྱེད་ཀྱི་སྟོབས་གཅིག་གོ།།སྲེད་མེད་ཀྱི་བུ་ཕྱེད་པོ་གཉིས་ཀྱི་སྟོབས་གང་ཡིན་པ་དེ་སྲེད་མེད་ཀྱི་བུའི་སྟོབས་གཅིག་གོ།
434b2 སྲེད་མེད་ཀྱི་བུའི་སྟོབས་སུམ་བརྒྱ་ཉི་ཤུ་གང་ཡིན་པ་དེ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གཅིག་གི་ཡབ་དང་ཡུམ་ལས་བྱུང་བའི་སྟོབ་སོ།།
434b3 དེ་ཅིའི་ཕྱིར་ཞེ་ན།དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ནི་སྐུའི་གནད་ཀྱི་གནས་རེ་རེ་ལའང་སྲེད་མེད་ཀྱི་བུའི་སྟོབས་འཆང་བར
434b4 མཛད་པའི་ཕྱིརརོ།།གང་དག་འདས་པ་དང་གང་དག་མ་བྱོན་པ་དང་།གང་དག་དེ་ལྟར་བྱུང་བའི་དུས་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོག་པའི་སངས་རྒྱས་རྨི།
434b5 སྣངས་རྒྱས་ཐམས་ཅད་མཉམ་པ་དང་མཉམ་སྟེ།མཚན་མཉམ་པ།ཡོན་ཏན་མཚུངས་བྱ་མཉམ་པ།བསོད་ནམས་ཀྱི་འབྲས་བུ་རྣམ་པར་སྨིན་པ་མཉམ་པ་དག
434b6 ཡིན་གྱི།རྒྱུ་གསུམ་པ་རིགས་དང་།སྐུ་ཚེ་དང་།སྒྱུ་ལུས་ཀྱིས་མཉམ་པ་དག་ནི་མེ་ཡིན།།གནས་འཇོག་གི་རྒྱུད་དག་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང
434b7 དག་པར་རྫོགས་པའི་སངས་རྒྱས་དག་ནི་ཡབ་ཡུམ་དག་ལས་བྱུང་བའི་སྟོབས་དེ་ལྟ་བུ་དང་ལྡན་པ་དག་ཡིན་ཞིང་།གང་དག་འདས་པ་དག་དང་།གང་དག་མ་བྱོན་པ་དག།




iiif viewer powered by OpenSeadragon

434a - 435a

Texts on this page

N280 - 'phags pa rdo 'phangs pa'i mdo