| | e-texts navigator
|
434a1 རི་དམར་པོ་དང་།རི་དཀར་བ་དང་།དྲི་མཆོག་དང་ལྡན་པ་དང་།དྲི་དང་འཇམ་པ་དང་ལྡན་པ་དང་།དྲི་ཨུཏྤ་ལ་དང་ལྡན་པ་དང་།དཱི་ཀུ་མུ་ད
434a2 དང་ལྡན་པའི་སྟོབས་ཀྱང་དེ་བཞིནོ།།ཀུ་མུ་དའི་སྤོས་ཀྱི་གླང་པོ་ཆེའི་སྟོབས་གང་ཡིན་པ་དེ་པདྨའི་གླང་པོ་ཆེ་གཅིག་གི་སྟོབསོ།།པདྨའི་གླང་པོ་ཆེ་བཅུའི་སྟོབས་གང་ཡིན་པ་དེ་པདྨ
434a3 ཆེན་པོའི་གླང་པོ་ཆེ་གཅིག་གི་སྟོབ་སོ།།པདྨ་ཆེན་པོའི་གླང་པོ་ཆེ་བཅུའི་སྟོབས་གང་ཡིན་པ་གྲངས་ཁྲོད་དུ་སྐྱེས་པའི་གླང་པོ་ཆེ་གཅིག་གི་སྟོབསོ།།གྲངས་ཁྲོད་དུ་སྐྱེས་པའི
434a4 གླང་པོ་ཆེ་བཅུའི་སྟོབས་གང་ཡིན་པ་དེ་ཚན་པོ་ཆེ་དང་ལྡན་པ་བལ་གླང་སྤོས་ཀྱི་གླང་པོ་ཆེ་གཅིག་གི་སྟོབསོ།།ཆེན་པོ་ཆེ་དང་ལྡན་པ་བལ་གླང་སྤོས་ཀྱི་གླང་པོ་ཆེ་བཅུའི་སྟོབས
434a5 གང་ཡིན་པ་དེ་ཆེན་པོ་ཆེ་དང་ལྡན་པ་ཕྱེད་པོ་གཅིག་གི་སྟོབསོ།།ཆེན་པོ་ཆེ་དང་ལྡན་པ་ཕྱེད་པོ་གཉིས་ཀྱི་སྟོབས་གང་ཡིན་པ་དེ་ཆེན་པོ་ཆེ་དང་ལྡན་པ་གཅིག་གི་སྟོབསོ།།
434a6 ཆེན་པོ་ཆེ་དང་ལྡན་པ་བཅུའི་སྟོབས་གང་ཡིན་པ་དེ་རབ་གནོན་ཕྱེད་པོ་གཅིག་གི་སྟོབསོ།།རབ་གནོན་བྱེད་པོ་གཉིས་ཀྱི་སྟོབས་གང་ཡིན་པ་དེ་རབ་གནོན་གཅིག་གི་སྟོབས
434a7 རབ་གནོན་བཅུའི་སྟོབས་གང་ཡིན་པ་དེ་སྟོབས་མཆོག་གི་སྟོབས་གཅིག་གོ།སྟོབས་མཆོག་གི་སྟོབས་བཅུ་གང་ཡིན་པ་དེ་ཡན་ལག་མཆོག་གི་སྟོབས་གཅིག་གོ།
iiif viewer powered by OpenSeadragon
433b - 434b