e-texts navigator
Collection
Volume
Page
Wylie

432b1 བཞིན་གཤེགས་པའི་ཕྱག་མཐིལ་དེ་ཉིད་དུ་གནས་པར་གྱུར་ཏོ།།བཅོམ་ལྡན་འདས་ཀྱིས་དེ་ཞལ་གྱི་དབུགས་ཀྱིས་རྡུལ་ཕྲ་རབས་ཙམ་དུ་མཛད་དོ།།ཕྱེ་མར་མཛད་ནས་ཀྱང་ཕྱོགས་དང
432b2 ཕྱོགས་མཚམས་དག་ཏུ་རྡུལ་ཕྲ་རབ་ཏུ་ཕྱི་མའི་ཆར་མངོན་དུ་འབབ་པར་རྩོམ་པར་མཛད་དོ།།དེ་ནས་གྱད་ཀྱི་ཚོགས་དེ་ནི་རྡོ་ཆེན་པོ་ཡངས་པ་དེ་མེད་པར་གྱུར་པས།མཆོག་ཏུ་ཡིད
432b3 མི་བདེ་བར་གྱུར་ཏོ།།དེ་ནས་བཅོམ་ལྡན་འདས་ཀྱི་ཐུགས་ཀྱིས་གྱད་ཀྱི་ཚོགས་དེའི་སེམས་ཀུན་མཁྱེན་ཏེ།རྡོ་ཆེན་པོ་ཡངས་པ་མེད་པས་མཆོག་ཏུ་ཡིད་མི་བདེ་བར་ཐུགསུ་ཆུད་ནས།།
432b4 ཕྱི་ནས་ཀྱང་དེའི་ཕྱེ་མ་རྡུལ་ཕྲ་རབ་ཙམ་དེ་མ་ཚང་བར་གཅིག་ཏུ་བསྡུས་ཏེ་བསྡོམས་ནས་རྡོ་ཆེན་པོ་ཡོངས་པ་དེ་འདྲ་བ་ཁོ་ནར་མཛད་དེ།རྣམ་པར་དབེན་པར་ཕྱོགས་གཅིག་ཤོསུ་གནས
432b5 པར་མཛད་དོ།།དེ་ནས་གྱད་ལྔ་བརྒྱ་ཙམ་པོ་དེ་དག་བཅོམ་ལྡན་འདས་དེ་ངོ་མཚར་རྨད་དུ་འབྱུང་བའི་ཆོས་ཆེན་པོས་འདུན་པར་མཛད་དེ་དགའ་མགུ་རངས་ཤིང་དགའ་བ་དང་།ཡིད
432b6 བདེ་བ་སྐྱེས་ནས།བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།།བཅོམ་ལྡན་འདས་འདི་ཅི་ལགས།དེ་དེ་བཞིན་གཤེགས་པའི་ཡབ་དང་ཡུམ་ལས་བྱུང་བའི་སྟོབས
432b7 ལགས་སོམ།འོན་ཏེ་རྫུ་འཕྲུལ་གྱི་སྟོབས་ལགས་སམ།འོན་ཏེ་བསྒོམ་པའི་སྟོབས་ལགས།གནས་འཇོག་གི་རྒྱུད་དག་གང་དེ་བཞིན་གཤེགས་པས་རྡོ་ཆེན་པོ་ཡངས




iiif viewer powered by OpenSeadragon

432a - 433a

Texts on this page

N280 - 'phags pa rdo 'phangs pa'i mdo