| | e-texts navigator
|
432a1 ཡངས་པ་དེ་ཕྱོགས་དེ་ནས་ཡོངསུ་བསྒྲལ་བར་ཡང་མ་ནུས་ན་བསྒྲེང་བ་འམ།འཕང་བར་ལྟ་ག་ལ་ནུས།གཞོནུ་དག་གང་དེ་བཞིན་གཤེགས་པས
432a2 རྡོ་ཆེན་པོ་ཡངས་པ་དེ་ཕྱོགས་དེ་ནས་བཏེག་ནས་ཕྱོགས་གཅིག་ཤོསུ་འཕང་བར་བྱེད་འདོད་དམ།བཙུན་པ་བཅོམ་ལྡན་འདས་མཆོག་ཏུ་འཚལ་ལགསོ།།བདེ་བར་གཤེགས
432a3 པ་མཆོག་ཏུ་འཚལ་ལོག་སོ།།དེ་ནས་བཅོམ་ལྡན་འདས་བླ་གོས་ཕྲག་པ་གཅིག་ཏུ་གཟར་ཏེ།རྡོ་ཆེན་པོ་ཡངས་པ་དེ་ག་ལ་བདེར་གཤེགས་ཏེ་ཕྱིན་ནས་རྡོ་ཆེན་པོ་ཡོངས
432a4 པ་དེ་ཞབས་ཀྱི་མཐེ་འོང་གཡས་པས་ཡང་དག་པར་རབ་ཏུ་བསྐུལ་ཏེ།ཡང་དག་པར་རབ་ཏུ་བསྐུལ་ནས་ཀྱང་གཉི་ནས་མ་ལུས་པར་བྱུང་སྟེ།ཕྱག་གཡོན་པས་བླངས
432a5 ནུས་ཕྱག་གཡས་ཀྱི་མཐིལ་དུ་བཞུག་སྟེ་ཡུད་ཙམ་ཞིག་དགོངས་ནས་གྱེན་དུ་ཚངས་པའི་འཇིག་རྟེན་གྱི་བར་དུ་འཕངས་ཏེ་མིག་ལམ་དུ་མི་སྣང་བར་གནས་པར་གྱུར་པ་དང་།
432a6 དེའི་སྤྱིས་གྱད་དག་དང་ངེངས་པར་གྱུར་ཏོ།།བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།གནས་འཇོག་གི་རྒྱུད་དག་མ་འཇིགས་ཤིག།གྱེན་དུ་འཕངས་པ་ཙམ་གྱིས་ཀྱང
432a7 འདུ་བྱེད་ཐམས་ཅད་ནི་མི་རྟག་པའོ།།ཆོས་ཐམས་ཅད་ནི་བདག་མེད་པའོ།།མྱ་ངན་ལས་འདས་པ་ནི་ཞི་བའོ་ཞེས་སྒྲ་ད་ལྟ་བུ་མཛད་དོ།།སླར་འཁོར་ནས་ཀྱང
iiif viewer powered by OpenSeadragon
431b - 432b