| | e-texts navigator
|
431b1 མཆོག་དང་།གླང་པོ་ཆེ་དང་།སྤོས་ཀྱི་གླང་པོ་ཆེ་བརྒྱ་ཕྲག་དུ་མ་དེང་ནས་རྡོ་ཆེན་པོ་ཡངས་པ་དེ་ག་ལ་བ་དེར་དོང་སྟེ་ཕྱིན་ནས།རྡོ་ཆེན་པོ་ཡངས་པ་དེ་རྩིད་པའི་ཐག་པ་སླ་བས་རྣམ་པ
431b2 ཐམས་ཅད་དུ་དཀྲིས་ནས་དེ་དག་དང་དེ་ཉིད་ཁ་ཅིག་གིས་ནི་སྐས་བཙུགས་ཏེ།རྩཝ་མུན་ཛ་དང་།བལ་བ་ཛའི་ཐོག་པ་དང་།རྟས་འདྲེན་པའི་ཐུག་པ་དག་གིས་ཚུར་དྲང་བར་བྱ
431b3 ཕར་དྲང་བར་བྱའོ།།ཁ་ཅིག་ནི་རྨོ་ལྕགས་བརྒྱས་རྩ་ནས་འབྱིན་པར་འདོད་དོ།།ཁ་ཅིག་ནི་དགྲ་སྟ་དག་གིས་གཅོད་པར་འདོད།།ཁ་ཅིག་ནི་རྡོ་རྗེས་གདབ་པ་དག་གིས་ཕྱེ་མོར
431b4 བྱ་བར་འདོད།ཁ་ཅིག་ནི་ལུས་ཀྱི་སྟོབས་ཀྱིས་མཆུ་དག་བསྡམོས་ཏེ།ཡོངསུ་བསྒུལ་བར་འདོད།ཁ་ཅིག་ནི་ཁྱུ་མཆོག་དག་དང་།བ་ལང་མཆོག་ཏུ་ཕྱིན་པ་དག་གིས་བསྒྲོལ་བར
431b5 འདོད།ཁ་ཅིག་ནི་གླང་པོ་ཆེའི་ཚོགས་ཀྱིས་རབ་ཏུ་འཇོམས་པར་འདོད།ཁ་ཅིག་ནི་སྨན་གྱི་སྟོབས་གྱིས་གཞིག་པར་འདོད།ཁ་ཅིག་ནི་གསང་སྔགས་ཀྱི་སྟོབས་ཀྱིས་མི་སྣང
431b6 བར་བྱེད་པར་འདོད་པར་བྱའོ།།དེའི་ཕྱིར་བདག་གིས་བརྩོན་པ་དང་།དྲང་བ་དང་།འབད་པ་དེ་ལྟ་བུ་དག་གིས་ཅི་ཕྱོགས་འདི་ནས་བཏེག་སྟེ་ཕྱོགས་གཅིག་ཤོསུ་གཞག་གོ་སྙམ
431b7 པ་དང་།དེ་དག་དང་དེ་ཉིད་ལུས་ངལ་ཞིང་།ལུས་དུབ་ལ།ལུས་དབྱིབས་རྐུ་བས་ཡིད་སྒྱིད་ལུག་སྟེ།གང་འདི་ཞག་ཉི་ཤུ་རྩ་དགུར་རྩོམ་པ་བྱས་པ་དེས་ཀྱང་རྡོ་ཆེན་པོ
iiif viewer powered by OpenSeadragon
431a - 432a