e-texts navigator
Collection
Volume
Page
Wylie

429b1 པའི་གྱད་རྣམས་ཀྱིས་རི་མོར་བགྱི་བ་མཆོག་གིས་རི་མོར་བགྱིས།མཆོད་པའི་མཆོག་གིས་མཆོད།བླ་མ་ལ་གུས་པའི་མཆོག་གིས་བྱུང་རིམ་གྲོར་བགྱིས།།བཅོམ་ལྡན་འདས་ཀྱིས
429b2 ཀྱང་དེ་དག་ལ་ཆོས་ཀྱི་སྦྱིན་པ་དམ་པ་གྱ་ནོམ་པ་བླ་ན་མེད་པས་ཕན་གདགས་པར་མཛད་དོ།།དེ་ལང་བཅོམ་ལྡན་འདས་དགེ་སློང་གི་ཚོགས་ཀྱིས་ཡོངསུ་བསྐོར་ཅིང་།དགེ་སློང
429b3 གི་དགེ་འདུན་གྱིས་མདུན་དུ་བདར་ཏེ།བདག་གི་གྲོང་གི་ཞིང་དུ་ཀུ་ཤའི་གྲོང་ཁྱེར་དུ་གཤེག་སོ་ཞེས་ཐོས་ལགས་ཏེ།དེ་སྐད་ཐོས་ནས་ཀྱང་བདག་ཅག་འདི་སྙམ་དུ་སེམས།
429b4 གང་འོ་ན་བདུག་ཅག་གིས་ཀྱང་བཅོམ་ལྡན་འདས་དེ་ལ་རི་མོར་བགྱི་བ་དང་།མཆོད་པར་བགྱི་བས་བདག་ལ་ཕན་པར་བགྱི་བའི་སླད་དུ་ཀུ་ཤཱའི་གྲོང་ཁྱེར་ཐམས་ཅད་ཚི་ག་བཞིན་དུ་ཕྱག
429b5 དཱར་དག་བགྱི།ཆག་ཆག་ལགས་པར་བཏབ་པ་དང་།བྱི་དོར་ལེགས་པར་བགྱི་བ་དག་བགྱིས་ནས་རྒྱན་དང་ལྷབ་ལྷུབ་ཐམས་ཅད་ཀྱིས་བརྒྱན་པར་བགྱི།དེ་ནས་དྲི་དང་།
429b6 ཕྲེང་བ་དང་།མེ་ཏོག་དང་།བདུག་པ་དང་།རོལ་མོའི་སྒྲ་གྱ་ནོམ་པ་དག་གིས་བརྒྱན་པར་བགྱི།གདུགས་དང་།རྒྱལ་མཚན་དང་།བ་དན་དག་ཀྱང་གཟུགས་པར་བགྱི།དུས
429b7 སྟོན་ཡང་རབ་ཏུ་གཞག་པར་བགྱི།ཤུལ་གང་ནས་བཅོམ་ལྡན་འདས་གཤེགས་པར་བརྩོན་པར་མཛད་པའི་གཤེགས་ཤུལ་དེ་ཡང་ཆོ་ག་བཞིན་དུ་ཕྱག་དར་དག་བགྱི།དེ་སླན




iiif viewer powered by OpenSeadragon

429a - 430a

Texts on this page

N280 - 'phags pa rdo 'phangs pa'i mdo