e-texts navigator
Collection
Volume
Page
Wylie

428b1 ཁྲི་ནས་རྡོ་ཆེན་པོ་ཡངས་པ་འདི་ག་ལ་བ་དར་སོང་སྟེ་ཕྱིན་ནས་རྡོ་ཆེན་པོ་ཡངས་པ་དེ་རྩིད་ངའི་ཐུག་པ་སྲ་བས་ལན་མང་དུ་དཀྲིས་ནས།ཁ་ཅིག་གིས་ནི་སྐས་བཅས་ཏེ།རྩཝ་མུན་ཛ་དང་།བལ་བ
428b2 ཛའི་ཐག་པ་དང་།རྟས་འདྲེན་པའི་ཐག་བདག་གིས་ཆུར་འདྲེན་པར་བྱེད་པར་འདྲེན་པར་བྱེད་དོ།།ཁ་ཅིག་ནི་ཐོང་ལྕགས་བརྒྱས་གཞི་ནས་འབྱིན་པར་འདོད་དོ།།ཁ་ཅིག་ནི་དགྲ་སྟ་དག་གིས
428b3 གཅོད་པར་འདོད་དོ།།ཁ་ཅིག་ནི་རྡོ་རྗེས་གདབ་པ་དག་གིས་ཕྱི་མོར་བྱ་བར་འདོད་དོ།།ཁ་ཅིག་གིས་ནི་ལུས་ཀྱི་སྟོབས་ཀྱིས་མཆུ་དག་བསྡམས་ཏེ་ཡོངསུ་བསྐྱོད་པར་འདོད་དོ།།ཁ
428b4 ཅིག་ནི་ཁྱུ་མཆོག་དག་དང་།བ་ལང་གི་གཙོ་བོ་དག་གིས་བསྐྱོལ་བར་འདོད་དོ།།ཁ་ཅིག་ནི་བ་ལང་ཁྱུའི་སྟོབས་ཀྱིས་རབ་ཏུ་གཞོམ་པར་འདོད་དོ།།ཁ་ཅིག་ནི་སྨོན་གྱི་མཐུས་གཞིག
428b5 པར་འདོད་དོ།།ཁ་ཅིག་ནི་སྔགས་ཀྱི་མཐུས་མི་སྣང་བར་བྱ་བར་འདོད་དེ།དེའི་ཕྱིར་བརྩོན་པ་དང་།དྲང་བ་དང་།འབད་པ་དེ་ལྟ་བུས་དེ་དག་གིས་ཅི་ཕྱོགས་འདི་ནས་བཏེག་སྟེ།
428b6 ཕྱོགས་གཅིག་ཅིག་ཏུ་གཞག་གོ་སྙམ་པ་དང་།དེ་དག་ལུས་ངལ་ཞིང་ལུས་དུབ་ལ་ལུས་རྐུ་བས་རབ་ཏུ་འབད་པས་སྒྱིད་ལུག་སྟེ་རྡོ་ཆེན་པོ་ཡངས་པ་དེ་ལ་བསྐུལ་བར་ཡང་མ་ནུས་ན།
428b7 བསྒྲེང་བ་འམ་འཕང་པར་ལྟ་ག་ལ་ནུས།དེ་ནས་བཅོམ་ལྡན་འདས་དགེ་སློང་གི་ཚོགས་ཀྱིས་ཡོངསུ་བསྐོར་ཅིང་དགེ་སློང་གི་དགེ་འདུན་གྱིས་མདུན་དུ་བདར་ཏེ།གང་ན་རྡོ་ཆེན་པོ




iiif viewer powered by OpenSeadragon

428a - 429a

Texts on this page

N280 - 'phags pa rdo 'phangs pa'i mdo