| | e-texts navigator
|
428a1 གྲགས་པ་དང་།སྒྲ་དང་།ཚིག་སུ་བཅད་པར་མངོན་པར་འཕགས་པར་འགྱུར་ཏེ།གང་དག་གིས་རྡོ་ཆེན་པོ་ཡངས་པ་འདི་ཕྱོགས་འདི་ནས་བཏེག་ནས
428a2 ཕྱོགས་གཅིག་ཤོསུ་བཞག་པས།ཀྱེ་མ་ཀུ་ཤཤིའི་གྲོང་ཁྱེར་གྱི་གྱད་དག་ནི་དཔའ་བ་དག་བྱུང་ངོ་།།ཀྱེ་མཀུ་ཤིའི་གྲོང་ཁྱེར་གྱི་གྱད་དག་ནི་རྟུལ་ཕོད་པ།ཡན་ལག
428a3 མཆོག་གི་གཟུགས་དང་ལྡན་པ།ཆེས་སྟོབས་དང་ལྡན་པ་དོག་བྱུང་ངོ་ཞེས་ཟེར་གྱིས།དེའི་ཕྱིར་ཤེས་ལྡན་དག་རྡོ་ཆེན་པོ་ཡངས་པ་འདི་ག་ལ་བར་ཀུན་ཀྱང་དེང་ཞིག
428a4 དེ་བཞིན་ཞེས་སྨྲས་ནས་ཀུ་ཤཱ་གྲོང་ཁྱེར་གྱི་གྱད་དག་ཕན་ཚུན་གྱི་ལྟར་ཉན་ཏེ།དེ་དག་སོ་སོ་ནས་བཞོན་པ་བཟང་པོ་དག་ལ་ཞོན་ནས་བདག་ཅག་ན་ས་སྟེང་འདི་ན།ཆེས
428a5 སྟོབས་དང་ལྡན་པའོ་སྙམ་དུ་རློམ་སེམསུ་བྱེད་ཅིང་འོངས་པ་དང་།རིགས་དང་།སྟོབས་དང་།ལུས་བྱད་དང་།དབང་ཕྱུག་གི་རྒྱགས་པས་དྲེགས་ཏེ།སྒྱུ་མངོན
428a6 པོ་དང་།སྒྲ་ཆེན་པོས་གཞི་བྱེད་ཅིང་ཅ་ཙོ་བྱེད་ལ།དགའ་མགུ་རངས་ཤིང་དགའ་བ་དང་།དད་པ་དང་།ཡིད་བདེ་བ་སྐྱེས་ཏེ།འབྱོར་པ་ཆེན་པོ་མཆོག་གིས་སུ
428a7 ཤིའི་གྲོང་ཁྱེར་ནས་བྱུང་ནས་རྟ་དང་།རྔོ་མོ་དང་།དེ་ལང་སྔོན་པོའི་གཙོ་བོ་དང་།ཁྱུ་མཆོག་དང་།གླང་པོ་ཆེད་ངོ་།སྤོས་ཀྱི་གླང་པོ་ཆེ་བརྒྱ་ཕྲག་དུ་མ
iiif viewer powered by OpenSeadragon
427b - 428b