e-texts navigator
Collection
Volume
Page
Wylie

426b1 མོར་བྱས།མཆོད་པར་བྱ་བ་མཆོག་གིས་མཆོད།བླ་མ་ལ་གུས་པ་མཆོག་གིས་ཀྱང་བསྐྱོན་བཀུར་བྱསོ།།བཅོམ་ལྡན་འདས་ཀྱིས་ཀྱང་དེ་དག་ལ་ཆོས་ཀྱི་སྦྱིན་པ་དམ་པ་གྱ་ནོམ་པ
426b2 བླ་ན་མེད་བྲེས་ཕན་གདོགས་པར་མཛད་དོ།།དེ་ལ་ང་བཅོམ་ལྡན་འདས་གནས་པ་ཇི་ལྟ་བུར་གནས་པས་རིང་པོ་མི་ཐོགས་པར་དགེ་སློང་གི་ཚོགས་ཀྱིས་ཡོངསུ་བསྐོར་ཅིང
426b3 དགེ་སློང་གི་དགེ་འདུན་གྱིས་མདུན་དུ་བདར་ཏེ།བདག་ཅག་གི་གྲོང་གི་ཞིང་དུ་ཀུ་ཤྭའི་གྲོང་ཁྱེར་དུ་གཤེགསོ་སྙ་མོ།།དེ་ལ་གང་འོ་ན་བདག་ཅག་གིས་ཀྱང་བཅོམ་ལྡན་འདས
426b4 དེ་ལ་རི་མོར་བྱ་བ་དང་།མཆོད་པར་བྱ་བས་བདག་ལ་ཕན་པར་བྱེ་བའི་ཕྱིར་ཀུ་ཤའི་གྲོང་ཁྱོར་ཀུན་ཆོ་ག་བཞིན་དུ་ཕྱག་དར་དག་བྱ།ཆག་ཆག་ལེགས་པར་བཏབ་པ་དང་།
426b5 བྱི་དོར་ལེགས་པར་བྱ་བ་དག་བྱས་ནས་རྒྱན་དང་ལྷབ་ལྷུབ་ཐམས་ཅད་དང་།བདུག་པ་དང་།ཕྲེང་བ་དང་།མེ་ཏོག་དང་།སྤོས་དང་།རོལ་མོའི་སྒྲ་གྱ་ནོམ་པ་དག་གིས་བརྒྱན་པར
426b6 བྱ།གདུགས་དང་།རྒྱལ་མཚན་དང་།བ་དན་དག་གཟུགས་པར་བྱ།དུས་སྟོན་དག་ཏུ་གནས་པར་བྱ།བཅོམ་ལྡན་འདས་ལམ་གང་ནས་གཤེགས་པར་བརྩོན་པའི
426b7 གཤེགས་ཤུལ་དེ་ཡང་ཆོ་ག་བཞིན་དུ་ཕྱག་དར་དག་བྱའོ།།དེ་ཕྱིན་ཆད་བདག་ཅག་ཐམས་ཅད་ཀྱིས་བསུ་བ་བྱ་བ་འབའ་ཞིག་ན་ལེག་སོ་སྙམ་ནས།དེ་ནས་དེ་དག་ཐམས




iiif viewer powered by OpenSeadragon

426a - 427a

Texts on this page

N280 - 'phags pa rdo 'phangs pa'i mdo