| | e-texts navigator
|
408b1 ཤེས་རབ་ཕུན་ཚོགས་བསྟེན་གྱུར་ན།།དེས་ནི་ཕུན་སུམ་ཚོགས་པ་འགྲུབ།།དེ་ཕྱིར་བླ་མེད་སངས་རྒྱས་དང་།།ཆོས་དང་དགེ་འདུན་དག་ལ་ནི།།བརྟན་པ་དང་བ་སྐྱེད
408b2 བྱེད་པ།།དེ་སེམས་ཕུན་སུམ་ཚོགས་པར་འགྱུར།།རིག་དང་ཞབསུ་ལྡན་པ་ལོ།།ཕུན་སུམ་ཚོགས་པའི་སེམས་ཐོབ་ནས།།དགེ་བའི་ལས་རྣམས་བྱེད་གྱུར་པ།
408b3 དེ་ནི་ཕུན་སུམ་ཚོགས་པའི་ལས།།འཇིག་རྟེན་ཡང་དག་བཞིན་ཤེས་ན།།ལྟ་བ་ཕུན་སུམ་ཚོགས་པ་འཐོབ།།འཕགས་ཤིང་མཐོང་བ་ཕུན་ཚོགས་ན།།ཡིད་ནི་ཕུན
408b4 སུམ་ཚོགས་པར་འགྱུར།།དྲི་མ་ཐམས་ཅད་བཅོམ་བྱས་ཤིང་།།མྱ་ངན་འདས་པ་ཕུན་སུམ་ཐོབ།།སྡུག་བསྔལ་ཟད་པར་བྱེད་པ་དེ།།དེ་ཡི་དོན་ནི་ཕུན་སུམ་ཡིན།།།
408b5 དེ་ནས་བཅོམ་ལྡན་འདས་ཀྱིས་ཡངས་པ་ཅན་གྱི་ཚོང་པ་རབ་ཏུ་མང་པོ་དག་ལ་ཆོས་ཀྱི་གཏམ་ཡང་དག་པར་བསྟན།།ཡང་དག་པར་འཛིན་དུ་བཅུག།ཡང་དག་པར་གཟེང
408b6 བསྟོད།།ཡང་དག་པར་རབ་ཏུ་དགའ་བར་མཛད་དོ།།རྣམ་གྲངས་དུ་མར་ཆོས་ཀྱི་གཏམ་ཡང་དག་པར་བསྟན།།ཡང་དག་པར་འཛིན་དུ་བཅུག།ཡང་དག་པར་གཟེང
408b7 བསྟོད།།ཡང་དག་པར་རབ་ཏུ་དགའ་བར་མཛད་ནས་གདན་ལས་བཞེངས་ཏེ་གཤེགས་ན།མདོ་ཆེན་པོ་རྒྱལ་མཚན་མཆོག་ཅེས་བྱ་བ་རྫོག་སོ།།།
iiif viewer powered by OpenSeadragon
408a - 409a