| | e-texts navigator
|
407b1 འོས་སུ་གྱུར་པ།བསོད་ནམས་ཀྱི་ཞིང་བླ་ན་མེད་པ།འཇིག་རྟེན་གྱི་ཡོན་གནས་ཡིན་ཞེས་དགེ་འདུན་རྣམ་པ་ལས་ཡང་དག་པར་རྗེསུ་དྲན་པར་གྱིས་ཤིག།ཚོང་པ་དག་དེའི་ཚེ
407b2 ཁྱེད་ཀྱིས་དགེ་འདུན་རྣམ་པ་ལས་ཡང་དག་པར་རྗེ་སུ་དྲན་པར་བྱས་ན་འཇིགས་པ་འམ།བག་ཚ་བ་འམ།སྤུ་ཟིང་ཞེས་བྱེད་པ་འབྱུང་བར་འགྱུར་བ་གང་ཡིན་པ་དེ་མེད་པར
407b3 འགྱུརརོ།།ད་དེ་ནས་ཡངས་པ་ཅན་གྱི་ཚོང་པ་རབ་ཏུ་མང་པོ་དག་གིས་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་བདེ་བར་བཞུགས་པར་རིག་ནས་རང་རང་གགི་ལག
407b4 ནས་བཟའ་བ་དང་།བཅའ་བ་གཙང་ཞིང་བསོད་པ་དག་ལེགས་པར་བསྟབས་ཤིང་ཡང་དག་པར་ཚིམ་པར་བྱསོ།།རྣམ་གྲངས་དུ་མར་རང་རང་གི་ལག་ནས་བཟའ་བ
407b5 དང་།བཅའ་བ་གཙང་ཞིང་བསོད་པ་དག་ལེགས་པར་བསྟབས་ཤིང་ཡང་དག་པར་ཚིམ་པར་བྱས་ནས་བཅོམ་ལྡན་འདས་གདུགས་ཚོད་གསོལ་ཅིང་།ལྷུང་བཟེད་བཞག
407b6 སྟེ།ཕྱག་བཅུངས་པར་རིག་ནས་སྤྱན་ཤིན་ཏུ་དམའ་བ་དག་བླངས་ཏེ་ཆོས་མཉན་པའི་ཕྱིར་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འཁོད་དོ།།དེ་ནས་བཅོམ་ལྡན་འདས་ཀྱིས
407b7 ཡངས་པོ་ཅན་གྱི་ཚོང་པ་རབ་ཏུ་མང་པོ་དག་གི་སྦྱིན་པ་དེ་ལ་རྗེ་སུ་ཡི་རང་བ་འདིས་རྗེ་སུ་ཡི་རིང་བར་མཛད་དོ།།ཚོང་པ་ཟས་དང་སྐོམ་དག་གིས།དགེ་སློང་དག
iiif viewer powered by OpenSeadragon
407a - 408a