| | e-texts navigator
|
406b1 བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས།རིག་པ་དང་ཞབ་སུ་ལྡན་པ།བདེ་བར་གཤེགས་པ།འཇིག་རྟེན་མཁྱེན་པ།སྐྱེས་བུ་གདུལ་བྱའི།།
406b2 ཁ་ལོ་སྒྱུར་བ།བླ་ནི་མེད་པ་ལྷ་དང་མི་རྣམས་ཀྱི་སྟོན་པ།སངས་རྒྱས་བཅོམ་ལྡན་འདས་ཡིནོ་ཞེས་ང་རྣམ་པ་ལས་ཡང་དག་པར་རྗེསུ་དྲན་པར་གྱིས་ཤིག།ཚོང་བ་དག་དེའི
406b3 ཚེ་ཁྱེད་ཀྱིས་ང་རྣམ་པ་ལས་ཡང་དག་པར་རྗེསུ་དྲན་པར་བྱས་ན་འཇིགས་པ་འམ།བག་ཚ་བ་འམ།སྤུ་ཟིང་ཞེས་བྱེད་པ་འབྱུང་བར་འགྱུར་བ་གང་ཡིན་པ་དེ་མེད་པར་འགྱུ་རོ།།
406b4 གལ་ཏེ་ང་མི་དྲན་ན་ཡང་བཅོམ་ལྡན་འདས་ཀྱི་ཆོས་ནི་ལེགས་པར་གསུངས་པ།ཡང་དག་པར་མཐོང་བ།ནད་མེད་པ།དུས་ཆད་པ་མེད་པ།ཉེ་བར་གཏོང་བ།འདི
406b5 མཐོང་བ་ལ་དོན་ཡོད་པ།མཁས་པ་རྣམས་ཀྱིས་རང་གིས་རིག་པར་བྱ་བ་ཡིནོ་ཞེས་ཆོས་རྣམ་པ་ལས་ཡང་དག་པར་རྗེ་སུ་དྲན་པར་གྱིས་ཤིག།ཚོང་པ་དག་དེའི་ཚེ།
406b6 ཁྱེད་ཀྱིས་ཆོས་རྣམ་པ་ལས་ཡང་དག་པར་རྗེ་སུ་དྲན་པར་བྱས་ན་འཇིགས་པའམ།བག་ཚ་བ་འམ།སྤུ་ཟིང་ཞེས་བྱེད་པ་འབྱུང་བར་འགྱུར་བ་གང་ཡིན་པ་དེ་མེད་པར
406b7 འགྱུརརོ།།གལ་ཏེ་ཆོས་མི་དྲན་ན་ཡང་བཅོམ་ལྡན་འདས་ཀྱི་ཉན་ཐོས་ཀྱི་དགེ་འདུན་ནི་ལེགས་པར་ཞུགས་པ།རིགས་པར་ཞུགས་པ།དྲང་པོར་ཞུགས་པ།མཐུན
iiif viewer powered by OpenSeadragon
406a - 407a