| | e-texts navigator
|
405b1 ཀྱང་ཡོད།དགེ་འདུན་ལ་དགྲ་བཅོམ་པ་དག་ཀྱང་ཡོད་དེ།དེ་དག་ནི་སྐྱེས་བུ་ཟུང་བཞི་དང་།སྐྱེས་བུ་གང་ཟག་བརྒྱ་པ་ཡིན་ཏེ།བཅོམ་ལྡན་འདས་ཀྱི་ཉན་ཐོས་ཀྱི་དགེ་འདུན་དེ་ནི
405b2 ཚུལ་ཁྲིམས་ཕུན་སུམ་ཚོགས་པ།ཏིང་འཛིན་ཕུན་སུམ་ཚོགས་པ།ཤེས་རབ་ཕུན་སུམ་ཚོགས་པ།རྣམ་པར་གྲོལ་བ་ཕུན་སུམ་ཚོགས་པ།རྣམ་པར་གྲོལ་བའི་ཡེ
405b3 ཤེས་མཐོང་བ་ཕུན་སུམ་ཚོགས་པ་ཀུན་ཏུ་སྦྱིན་པའི་འོས་སུ་གྱུར་པ།རབ་ཏུ་སྦྱིན་པའི་འོས་སུ་གྱུར་པ།ཐལ་མོ་སྦྱར་བའི་འོས་སུ་གྱུར་པ།ཕྱག་བྱ་བའི་འོས་སུ་གྱུར་པ།
405b4 བསོད་ནམས་ཀྱི་ཞིང་བླ་ན་མེད་པ།འཇིག་རྟེན་གྱི་ཡོན་གནས་ཡིནོ་ཞེས་དགེ་འདུན་རྣམ་པ་ལས་ཡང་དྲག་པར་རྗེསུ་དྲན་པར་གྱིས་ཤིག།ཚོང་པ་དག་དེའི་ཚེ་ཁྱེད་ཀྱིས་དགེ
405b5 འདུན་རྣམ་པ་ལས་ཡང་དག་པར་རྗེསུ་དྲན་པར་བྱས་ནས་འཇིགས་པ་འམ།བག་ཆེ་བ་འམ།སྤུ་ཟིང་ཞེས་བྱེད་པ་འབྱུང་བར་འགྱུར་བ་གང་ཡིན་པ་དེ་མེད་པར་འགྱུར་རོ།།
405b6 ཚོང་པ་དག་སྔོན་ལྷ་དང་ལྷ་མ་ཡིན་གྱི་གཡུལ་ཉེ་བར་གནས་པར་གྱུར་པ་ན་ལྷའི་དབང་པོ་བརྒྱ་བྱིན་གྱིས་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ལ་སྨྲས་པ།གྲོགས་པོ་དག
405b7 གལ་ཏེ་ཁྱེད་ཅག་ལྷ་དང་།ལྷ་མ་ཡིན་གྱི་གཡུལ་དུ་ཞུགས་པ་ན།འཇིགས་པ་འམ།བག་ཚ་བ་འམ།སྤུ་ཟིང་ཞེས་བྱེད་པ་སྐྱེ་བར་གྱུར་ན།དེའི་ཚེ་ཁྱེད་ཀྱིས
iiif viewer powered by OpenSeadragon
405a - 406a