e-texts navigator
Collection
Volume
Page
Wylie

405a1 དུས་ཆད་པ་མེད་པ།ཉེ་བར་གཏོད་པ་འདི་མཐོང་བ་ལ་དོན་ཡོད་པ།མཁས་པ་རྣམས་ཀྱིས་རང་གིས་རེག་པར་བྱ་བ་ཡིན་ཞེས་ཆོས་རྣམ་པ་ལས
405a2 ཡང་དག་པར་རྗེ་སུ་དྲན་པར་གྱིས་ཤིག།ཚོང་པ་དག་དེའི་ཚེ་ཁྱེད་ཀྱིས་ཆོས་རྣམ་པ་ལས་ཡང་དག་པར་རྗེ་སུ་དྲན་པར་བྱས་ན་འཇིགས་པ་འམ།བག་ཚ་བ་འམ།སྤུ་ཟིང
405a3 ཞེས་བྱེད་པ་འབྱུང་བར་འགྱུར་བ་གང་ཡིན་པ་དེ་མེད་པར་འགྱུར།།གལ་ཏེ་ཆོས་མི་དྲན་ན་ཡང་བཅོམ་ལྡན་འདས་ཀྱི་ཉན་ཐོས་ཀྱི་དགེ་འདུན་ནི་ལེགས་པར་ཞུགས་པ།རིགས་པར
405a4 ཞུགས་པ།དྲང་པོར་ཞུགས་པ།མཐུན་པར་ཞུགས་པ།ཆོས་ཀྱི་རྗེསུ་མཐུན་པའི་ཆོས་ལ་ཞུགས་པ།ཆོས་ཀྱི་རྗེསུ་མཐུན་པར་སྤྱོད་པ་སྟེ།དགེ་འདུན་ལ་རྒྱུན་དུ
405a5 ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱ་བའི་ཕྱིར་ཞུགས་པ་དག་ཀྱང་ཡོད།དགེ་འདུན་ལ་རྒྱུན་དུ་ཞུགས་པ་དག་ཀྱང་ཡོད།དགེ་འདུན་ལ་ལན་ཅིག་ཕྱིར་འོང་བའི་འབྲས
405a6 བུ་མངོན་སུམ་དུ་བྱ་བའི་ཕྱིར་ཞུགས་པ་དག་ཀྱང་ཡོད།དགེ་འདུན་ལ་ལན་ཅིག་ཕྱིར་འོང་བ་དག་ཀྱང་ཡོད།དགེ་འདུན་ལ་ཕྱིར་མི་འོང་བའི་འབྲས་བུ་མངོན་སུམ་དུ་བྱ་བའི
405a7 ཕྱིར་ཞུགས་པ་དག་ཀྱང་ཡོད།དགེ་འདུན་ལ་ཕྱིར་མི་འོང་བ་དག་ཀྱང་ཡོད།དགེ་འདུན་ལ་དགྲ་བཅོམ་པ་ཉིད་ཀྱི་འབྲས་བུ་མངོན་སུམ་དུ་བྱ་བའི་ཕྱིར་ཞུགས་པོ་དག




iiif viewer powered by OpenSeadragon

404b - 405b

Texts on this page

N277 - mdo chen po rgyal mtshan mchog ces bya ba