| | e-texts navigator
|
404b1 གཤེགས་ཏེ་བྱོན་ནས།དགེ་སློང་གི་དགེ་འདུན་གྱི་གུང་ལ་གདན་བཤམས་པ་དེ་ཉིད་ལ་བཞུག་སོ།།དེ་ནས་ཡངས་པ་ཅན་གྱི་ཚང་པ་རབ་ཏུ་མང་པོ་དག་གིས་བཅོམ་ལྡན་འདས་ཀྱི
404b2 ཞབས་ལ་མགོ་བོས་ཕྱག་བཙལ་ཏེ་ཕྱོགས་གཅིག་ཏུ་འཁོད་པ་དང་།བཅོམ་ལྡན་འདས་ཀྱིས་ཡངས་པ་ཅན་གྱི་ཚོང་པ་རབ་ཏུ་མང་པོ་ཕྱོགས་གཅིག་ཏུ་འཁོད་པ་དག་ལ
404b3 འདི་སྐད་ཅེས་བཀའ་སྩོལ་ཏོ།།ཚོང་པ་དག་གལ་ཏེ་ཁྱེད་ཅག་དགོན་པར་སོན་པ་ན་འཛེགས་པ་འམ།བག་ཚ་བ་འམ།སྤུ་ཟིང་ཞེས་བྱེད་པ་སྐྱེ་བར་གྱུར་ན།དེའི་ཚེ་ཁྱེད་ཀྱིས
404b4 འདི་ལྟར་བཅོམ་ལྡན་འདས་དེ་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས།རིགས་པ་དང་ཞབསུ་ལྡན་པ།བདེ་བར་གཤེགས་པ།
404b5 འཇིག་རྟེན་མཁྱེན་པ།སྐྱེས་བུ་གདུལ་བྱའི་ཁ་ལོ་སྒྱུར་བ་བླ་ན་མེད་པ།ལྷ་དང་མི་རྣམས་ཀྱི་སྟོན་པ།སངས་རྒྱས་བཅོམ་ལྡན་འདས་ཡིནོ་ཞེས་ང་རྣམ་པ་ལས་ཡང་དག་པར
404b6 རྗེསུ་དྲན་པར་གྱིས་ཤིག།ཚོང་པ་དག་དེའི་ཚེ་ཁྱེད་ཀྱིས་ང་རྣམ་པ་ལྔས་ཡང་དག་པར་རྗེ་སུ་དྲན་པར་བྱས་ན་འཇིགས་པ་འམ།བག་ཚ་བ་འམ།སྤུ་ཟིང་ཞེས་བྱེད་པ
404b7 འབྱུང་བར་འགྱུར་བ་གང་ཡིན་པ་དེ་མེད་པར་འགྱུརརོ།།གལ་ཏེ་ང་མི་དྲན་ན་ཡང་བཅོམ་ལྡན་འདས་ཀྱི་ཆོས་ནི་ལེགས་པར་གསུངས་པ་ཡང་དག་པར་མཐོང་བ།ནད་མེད་པ།
iiif viewer powered by OpenSeadragon
404a - 405a