| | e-texts navigator
|
382b1 འདུམ་ཕྲག་དུ་མ་དགུ་རྒྱས་རྣམས་ལ་ཆོས་ཀྱི་མིག་རྡུལ་མེད་ཅང་དྲི་མ་དང་བྲལ་བ་སྐྱེས།།དེ་ནས་ཡུལ་མ་ག་དྷཱའི་རྒྱལ་པོ་བློབློ་སྦྱངས་གཟུགས་ཅན་སྙིང་པོས་ཆོས་མཐོང་ཞིང་ཆོས
382b2 ཐོབ་ལ།ཆོས་རྟོགས་ཤིང་ཆོས་ཀྱི་གཏིང་སླེབས་ཏེ།ནེམ་ནུར་ལས་རྒལ་ཏེ།ཐེ་ཙོམ་ལུས་རྒལ་ཅིང་གཞན་གྱི་དྲིང་མི་འཇོག་པ་དང་།གཞན་གྱིས་བཀྲིར་མི་ཟུག
382b3 བ་དང་།སྟོན་པའི་བསྟན་པའི་ཆོས་རྣམས་ལ་མི་འཇིགས་པ་ཐོབ་ནས་སྟན་རྩ་ལངས་ཏེ།བླ་གོས་ཕྲག་པ་གཅིག་ཏུ་བྱས་ནས་པུས་མྱོ་གཡས་པའི་ལྷ་ང་ལ་བཙུགས་ཏེ།
382b4 མ་ལྡན་འདས་ག་ལ་བཻ་དེ་ལོག་སུ་ཐལ་མོ་སྦྱར་བ་བཏུད་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།།བཙུན་པ་བདག་ནི་མངོན་པར་ཞུགས་པཾ་ལགསོ།།བདག་ནི
382b5 ནངོན་བྱེར་ཞུགས་པ་ལག་སོ།།བདག་བཅོམ་ལྡན་འདས་དང་།ཆོས་དང་།དགེ་སློང་གི་དགེ་འདུན་ལ་སྐྱབསུ་མཆི་ལགས་ཀྱིས།བདག་དང་སླན་ཆད་རྗེ
382b6 སྲིད་འཚོའི་བར་དུ་སྲོག་གཅོད་པ་ལ་སོགས་པ་སྤངས་པ།སྒྲུབ་སུ་མཆིས་པ།མངོན་པར་དད་པར་གྱུར་པའི་དགྲ་བསྙེན་ལེགས་པར་གཟུང་དུ་གསོལ།བདག
382b7 གིས་ཇི་སྲིད་འཚོའི་བར་དུ་བཅོམ་ལྡན་འདས་དགེ་སློང་གི་དགེ་འདུན་དང་བཅས་པ་ལ་ན་བཟའ་དང་།བསོད་སྙོམས་དང་།གཟིམས་ཆེ་དང་།གདན་དང་།
iiif viewer powered by OpenSeadragon
382a - 383a