e-texts navigator
Collection
Volume
Page
Wylie

381b1 ཡོན་སྙམ་མམ།རྒྱལ་པོས་གསོལ་པ།བཙུན་པ་དེ་ནི་མི་རྟག་པ་ལགསོ།།བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།རྒྱལ་པོ་ཆེན་པོ་གང་མི་རྟག་པ་དེ་སྡུག་བསྔལ་བ་ཞོག་གམ།།
381b2 སྡུག་བསྔལ་བ་མ་ཡིན།རྒྱལ་པོས་གསོལ་པ།བཙུན་པ་དེ་ནི་སྡུག་བསྔལ་བ་ལ་གསོ།།བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།རྒྱལ་པོ་ཆེན་པོ་འོ་ན་གང་མི་རྟག་པ
381b3 དང་།སྡུག་བསྔལ་བ་དང་།རྣམ་པར་འགྱུར་བའི་ཆོས་ཅན་དེ་ལ་འཕགས་པ་ཉན་ཐོས་ཐོས་པ་དང་ལྡན་པ་དག།འདི་ནི་བདག་གིའོ།།འདི་ནི་བདག་གོ།འདི་ནི
381b4 བདག་གི་བདག་གོ་ཞེས་བདག་ཏུ་ཁས་ལེན་པར་བྱེད་དམ།རྒྱལ་པོས་གསོལ་པ།བཙུན་པ་མི་བགྱིད་ལག་སོ།།བཅོམ་ལྡན་འདུས་ཀྱིས་བཀའ་སྩལ་པ།རྒྱལ་པོ
381b5 ཆེན་པོ་དེ་ལྟ་བས་ན་གཟུགས་གང་ཅི་ཡང་རུང་བ་འདས་པ་དང་།མ་འོངས་པ་འམ།ད་ལྟར་བྱུང་བ་འམ།ནང་གི་འམ།ཕྱི་རོལ་གྱི་འམ།རགས་པ་འམ།ཕྲ
381b6 བ་འམ།བཟུང་པོ་འམ།དྲན་པ་འམ།གང་རྒྱད་རིང་བ་འམ།གང་ཐག་ཉེ་བ་དེ་དག་ཐམས་ཅད་ལ་ཡང་དག་པའི་ཤེས་རབ་ཀྱིས་འདི་ནི་བདག་གི་མ་ཡིནོ།།འདི
381b7 ནི་བདག་མ་ཡིན།།འདི་ནི་བདག་གི་བདག་མ་ཡིན་ཞེས་དེ་ལྟར་དེ་དག་ལ་ཡང་དག་པ་ཇི་ལྟ་བ་བཞིན་དུ་བལྟ་བར་བྱའོ།།ཚོར་བ་དང་།འདུ་ཤེས་དང་།འདུ་བྱེད




iiif viewer powered by OpenSeadragon

381a - 382a

Texts on this page

N274 - mdo chen po gzugs can snying pos bsu ba zhes bya ba