e-texts navigator
Collection
Volume
Page
Wylie

381a1 ཟད་པ།འདོད་ཆགས་དང་བྲལ་བ།འགོག་པ་མྱ་ངན་ལས་འདས་པའི་གོ་འཕང་འདི་ནི་ཞི་བ་ཡིན།།དེ་ནས་བཅོམ་ལྡན་འདས་ཀྱིས་ཡང་།།
381a2 ལན་གཉིས་ཡུལ་མ་ག་དྷཱའི་རྒྱལ་པོ་བཟོ་སྦྱངས་གཟུགས་ཅན་སྙིང་པོ་ལ་བཀའ་སྩལ་པ།རྒྱལ་པོ་ཆེན་པོ་ཇི་སྙམ་དུ་སེམས།གཟུགས་རྟག་པ་ཞིག་གམ།མི
381a3 རྟག་པ་ཞིག་ཡིན་སྒྱུམ།རྒྱལ་པོས་གསོལ་པ།བཙུན་པ་དེ་ནི་མི་རྟག་པ་ལགསོ།།བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།རྒྱལ་པོ་ཆེན་པོ་གང་མི་རྟག་པ
381a4 དེ་སྡུག་བསྔལ་བ་ཞིག་གམ།སྡུག་བསྔལ་བ་མ་ཡིན།རྒྱལ་པོས་གསོལ་བ།བཙུན་པ་དེ་ནི་སྡུག་བསྔལ་ལགསོ།།བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།
381a5 རྒྱལ་པོ་ཆེན་པོ་འོ་ན་གྲང་མི་རྟག་པ་དང་།སྡུག་བསྔལ་བ་དང་།རྣམ་པར་འགྱུར་བའི་ཆོས་ཅན་དེ་ལ།འཕགས་པ་ཉན་ཐོས་ཐོས་པ་དང་ལྡན་པ་དག་འདི་ནི་བདག་གིའོ།།
381a6 འདི་ནི་བདག་གོ།འདི་ནི་བདག་གི་བདག་གོ་ཞེས་བདག་ཏུ་ཁས་ལེན་པར་བྱེད་དམ།རྒྱལ་པོས་གསོལ་པ།བཙུན་པ་མི་བགྱིད་ལག་སོ།།བཅོམ་ལྡན་འདས་ཀྱིས་བཀའ
381a7 སྩལ་པ།རྒྱལ་པོ་ཆེན་པོ་ཇི་སྙམ་དུ་སེམས།ཚོར་བ་དང་།འདུ་ཤེས་དང་།འདུ་བྱེད་རྣམས་དང་།རྣམ་པར་ཤེས་པ་རྟག་པ་ཞིག་གམ།མི་རྟག་པ་ཞིག




iiif viewer powered by OpenSeadragon

380b - 381b

Texts on this page

N274 - mdo chen po gzugs can snying pos bsu ba zhes bya ba