e-texts navigator
Collection
Volume
Page
Wylie

377a1 རྣམ་པར་བསྟན་ཏེ།ལུས་ཀྱི་སྨད་ནས་མེ་འབར་ལ་ལུས་ཀྱི་སྤྱོད་ནས་ཆུ་གྲང་མོའི་རྒྱུན་འབབ་པ་དང་།ལུས་ཀྱི་སྟོད་ནས་མེ་འབར་ལ
377a2 ལུས་ཀྱི་སྨད་ནས་ཆུ་གྲང་མོའི་རྒྱུན་འབབ་པ་དག་ཀྱང་རྣམ་པར་སྟོན་ཏོ།།དེ་ལྟར་ཕྱོགས་བཞིར་རྫུ་འཕྲུལ་རྣམ་པ་བཞི་བསྟན་ནས་རྫུ་འཕྲུལ་མངོན་པར་འདུ་བྱ་བ་དེ་དག
377a3 ཕྱིར་བསྡུས་ཏེ།བློ་གོས་ཕྲག་པ་གཅིག་ཏུ་གཟར་ནས།པུས་མོ་གཡས་པའི་ལྷ་ང་ས་གཙུགས་ཏེ།བཅོམ་ལྡན་འདས་ག་ལ་བ་དེ་ལོགསུ་ཐལ་མོ་སྦྱར
377a4 བ་བཏུད་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།།བཅོམ་ལྡན་འདས་ནི་བདག་གི་སྟོན་པ་ལགསོ།།བདག་ནི་བཅོམ་ལྡན་འདས་ཀྱི་ཉན་ཐོས
377a5 ལགས་སོ།།བཅོམ་ལྡན་འདས་ནི་བདག་གི་སྟོན་པ་ལགསོ།།སྟོན་པ་ལེགསོ།།བདག་ནི་བཅོམ་ལྡན་འདས་ཀྱི་ཉན་ཐོས་ལག་སོ།།ཉན་ཐོས་ལགསོ།།
377a6 བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།འོད་སྲུང་དེ་དེ་བཞིན་ནོ།།དེ་དེ་བཞིན་ཏེ།འོད་སྲུང་ང་ནི་ཁྱོད་ཀྱི་སྟོན་པ་ཡིནོ།།ཁྱོད་ནི་ངའི་ཉན་ཐོས་ཡིནོ།།
377a7 འོད་སྲུང་ང་ནི་ཁྱོད་ཀྱི་སྟོན་པ་ཡིནོ།།སྟོན་པ་ཡིན།།ཁྱོད་ནི་ངའི་ཉན་ཐོས་ཡིན།།ཉན་ཐོས་ཡིན།།འོད་སྲུང་ཁྱོད་རང་གི་སྟན་གང་ཡིན་པ་ལ་འདུག་ཅིག།དེ་ནས་ཚེ་དང




iiif viewer powered by OpenSeadragon

376b - 377b

Texts on this page

N274 - mdo chen po gzugs can snying pos bsu ba zhes bya ba