| | e-texts navigator
|
375b1 ན་སྟོང་རྒྱས་འོད་སྲུང་གི་དྲུང་ན་ཚངས་པར་སྤྱད་པ་སྤྱོད་དམ།འོན་ཏེ་རལ་པ་ཙནྡྲ་ཝཱད་རྒྱུས་འོད་སྲུང་ཉིད་དགེ་སྦྱོང་ཆེན་པོའི་སྤྱན་སྔར་ཚངས་པར་སྤྱད་པ་སྤྱོད་དོ་སྙམ་མོ།།དེ་ནས
375b2 བཅོམ་ལྡན་འདས་ཀྱིས་ཡུལ་མ་ག་དྷཱའི་བྲམ་ཟེ་དང་།ཁྱིམ་བདག་རྣམས་ཀྱི་སེམས་ཐུགས་ཀྱིས་མཁྱེན་ནས་ཚེ་དང་ལྡན་པ་ལྟེང་རྒྱུས་འོད་སྲུང་ལྀ་ཚིག་སུ་བཅད་པའི་དབྱངས
375b3 ཀྱིས་དྲི་བྱེ་དྲིས་པ།ལྟེང་རྒྱས་གནས་པས་འདི་ལ་ཅི་མཐོང་ན།།ཁྱོད་ཀྱིས་མི་སྤངས་བརྟུལ་ཞུགས་ཁོ་ན་སྤྱོད།།ཁྱོད་ཀྱིས་ཇི་ལྟར་མིའི་སྦྱིན་སྲེག་སྤངས།།འོད
375b4 སྲུང་དེ་ཡི་དོན་ནི་ང་ལ་སྨྲོས།།ཚེ་དང་ལྡན་པ་ལྟེང་རྒྱས་འོད་སྲུང་གིས་གསོལ་པ།འདི་ན་ཁ་ཅིག་ཟས་དང་སྐོམ་དག་དང་།།རོ་དང་འདོད་པ་བུད་མེད་རྗོད་བགྱིད་པ།།
375b5 རྗེས་བྱུང་དེ་དག་དྲི་མརརི་རབ་མཐོང་བས།།དེ་སླད་མཆོད་སྦྱིན་སྲེག་ལ་བདག་མི་དགའ།།བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།གལ་ཏེ་ཁྱོད་ནི་འདོད་དང་ཟས་སྐོམ་དང་།
375b6 དེ་བཞིན་རོ་རྣམས་དག་ལ་ཡིད་དགར་མི་བདེན།།ཇི་ལྟར་ལྷ་མིའི་འཇིག་རྟེན་དག་ལ་ཁྱོད་ཀྱི་ཡིད།།དགའ་བར་བྱེད་པ་དྲིས་པ་འོད་སྲུང་སྨྲོས།།ཚེ་དང་ལྡན་པ་ལྟེང
375b7 རྒྱས་འོད་སྲུང་གིས་གསོལ་པ།།གོ་འཕང་ཞི་མཆོག་ཕུང་པོ་མ་མཆིས་ཤིང་།།ཅི་ཡང་མ་མཆིས་འདོད་སྲིད་མ་ཚོགས་པ།།མི་འགྱུར་གཞན་གྱིས་མི་དཀྲི་མཐོང་ལགས
iiif viewer powered by OpenSeadragon
375a - 376a