e-texts navigator
Collection
Volume
Page
Wylie

374b1 འགྲོ་བའི་ཕྱིར་རྒྱལ་པོའི་ཁབ་ནས་བྱུང་སྟེ།དེ་བཞོན་པས་བགྲོད་པའི་ས་ཇི་སྲིད་པ་དེ་སྲིད་དུ་བཞོན་པས་སོང་ནས།བཞོན་པ་ལས་བབས་ཏེ།རྐང་པ་ཁོ་ནས་ཀུན་དགའ་ར་བར་ཞུགས
374b2 ནས།ཡུལ་མ་ག་དྷཱའི་རྒྱལ་པོ་བཟོ་སྦྱངས་གཟུགས་ཅན་སྙིང་པོས་པར་སྐབས་གང་ནས་བཅོམ་ལྡན་འདས་མཐོང་བའི་བར་སྐབས་དེར།རྒྱལ་པོའི་ཆོས་ཀྱི་མཚན་མ་ལྔ
374b3 བློ་ཅོད་པན་དང་།གདུགས་དང་།རོལ་གྲི་དང་།རྔ་ཡབ་ནོར་བུ་ཅན་དང་།ལྷམ་ཁྲ་བོ་དག་ཕུད་དེ་བཞག་གོ།དེ་ནས་ཡུལ་མ་ག་དྷཱའི་རྒྱལ་པོ་བཟོ་སྦྱངས་གཟུགས་ཅེན
374b4 སྙིང་པོས་རྒྱལ་པོའི་ཆོས་ཀྱི་མཚན་མ་ལྔ་པོ་དག་ཕུད་དེ་བཞག་ནས།བཅོམ་ལྡན་འདས་ག་ལ་བ་དུར་སོང་སྟེ་ཕྱིན་པ་དང་།བླ་གོས་ཕྲག་པ་གཅིག་ཏུ་གཟར་ཏེ།པུས་མོ
374b5 གླཡས་པའི་ལྷ་ང་ས་ལ་བཙུགས་ནས།བཅོམ་ལྡན་འདས་ག་ལ་བྱ་དེ་ལོག་སུ་ཐལ་མོ་སྦྱར་བ་བཏུད་དེ།བཙུན་པ་བདག་ནི་ཡུལ་མ་ག་དྷཱའི་རྒྱལ་པོ་བཟོ་སྦྱངས་གཟུགས་ཅན
374b6 སྙིང་པོ་ལག་སོ།།བཙུན་པ་བདག་ནི་ཡུལ་མ་གརྦྷེའི་རྒྱལ་པོ་བཟློ་སྦྱངས་གཟུགས་ཅན་སྙིང་པོ་ལེགསསོ།།རྒྱལ་པོ་ལེགསོ་ཞེས་ལན་གསུམ་གྱི་བར་དུ་རང་གི་རྗེསུ་སྒྲོགས།།
374b7 བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།རྒྱལ་པོ་ཆེན་པོ་དེ་དེ་བཞིནོ།།དེ་དེ་བཞིན་ཏོ།རྒྱལ་པོ་ཆེན་པོ་ཁྱོད་ནི་ཡུལ་མ་ག་དྷའི་རྒྱལ་པོ་བཟོ་སྦྱངས་གཟུགས་ཅན་སྙིང་པོ




iiif viewer powered by OpenSeadragon

374a - 375a

Texts on this page

N274 - mdo chen po gzugs can snying pos bsu ba zhes bya ba