| | e-texts navigator
|
347a1 ཝཱ་ལྔ་ཐོགས་པ་མེད་པའི་མཁྱེན་པ་དང་ལྡན་པའི་དབུལ་གྱིས་མཛེས་པའི་ནཏ་ན་པ་ཤཱུནྡྷ་སྠཱ་ཀཪྵ་འགུ་གྷྣ་ཥྛ་ཞལ་སྔ་ནས་དང་།མཁས་པ
347a2 ཆེན་པོ་སྐྱེས་བུ་དམ་པ་འདུལ་བ་འཛིན་པའི་ཡང་མཆོག་ཏུ་གྱུར་པ་པཎྜི་ཏ་ཆེན་པོ་ཨ་བྷྱཱ་ཡཱ་ཀར་འགུ་བྡྷ་ཏ་དང་།ཐོས་པ་འཛིན་པས་འཇམ་དཔལ་དང་འདྲ་བར་གྲགས་པ
347a3 སྤོབས་པོའི་ཤེས་རབ་ཅན་རྣམས་ཀྱི་མཆོག་པཎྜི་ཏ་ཆེན་པོ་ཤཱཀྱ་རཀྵི་ཏ་དང་།པཎྜི་ཏ་ཆེན་པོ་བཱིརྱཱ་ཨཱ་ཀར་ཤཱནྟི་ལ་སོགས་པ་རྣམས་ལ་རྒྱ་དཔེ་ལྔ་དང་།གཞན་ཡང
347a4 ཡུལ་དབུས་མ་ག་དྷ་ཞེས་བྱ་བ་དེ་བཞིན་གཤེགས་པའི་རྟེན་མང་དུ་བཞུགས་ཤིང་སངས་རྒྱས་པའི་སྐྱེ་བོ་དཀོན་མཆོག་གསུམ་ལ་དད་པས་ཡུལ་གང་བའི་མ་ག་དྷའི
347a5 ཡུལ་སྨད་ན།རྒྱལ་པོ་བྱང་ཆུབ་སེམས་དཔའ་དེ་བ་པཱ་ལས་མཛད་པའི་གཙུག་ལག་ཁང་ཆེན་པོ་བསྟོན་པའི་མིག་ཏུ་གྱུར་པ་བི་ཀྲ་མ་ཤཱི་ལ་ནཱ་ཡང་མཁས་པའི་སྐྱེ
347a6 མང་དུ་ཟིན་ཀྱང་ཤཱཀྱ་རཀྵི་ཏ་དེ་ཉིད་དང་།སྒྲ་དང་།སྙན་དངགས་དང་ལེགས་པར་དཔྱད་པའི་སྐད་ཀྱི་ལུགས་ལ་མཁས་པའི་པཎྜི་ཏ་ཆེན་པོ་སུ་བྷཱུ་ཏི
347a7 ཙནྡ་དང་།མངོན་པ་ལ་མཁས་པ་ཨ་ཌི་ཏ་ཙནྡྲ་ལ་སོགས་པ་རྣམས་ལ་རྒྱ་དཔེ་གཉིས་ལ་ལོགས་པར་མཉན་ཅིང་གུས་པས་ཐད་དུ་བསྟེན་ནས་དོན་དང་ཚིག
iiif viewer powered by OpenSeadragon
346b - 347b